R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༦ན
[A:༢༦ན] ཚུགས་ཤིང་འཕྲིན་ལས་ནམ་མཁའ་དང་མཉམ་པ་འབྱུང་ངོ་ཞེས་ལུང་བསྟན་གནང་བ་བཞིན། ངོར། མུས། ན་ལེནྡྲ། ལོ་དགོན་པ་སོགས་དབུས་གཙང་གི་ས་སྐྱ་པའི་དགོན་པ་ཆེ་རགས་ཕལ་ཆེར་ཞིག་གི་ཞལ་བདག་མཛད་ནས་ཆོས་འཁོར་བསྐོར་བས། དུས་ཕྱིས་བྱོན་པའི་ས་སྐྱ་པའི་དགེ་བའི་བཤེས་གཉེན་ཞིག་ལ་མུས་ཆེན་སངས་རྒྱས་རིན་ཆེན་འདི་རང་འཕྲིན་ལས་ཆེ་བར་གྲགས་པ་ཡང་ཆོས་སྐྱོང་གིས་བྱིན་གྱིས་བརླབས་པའི་མཚན་མ་གཟིགས་པའི་དགེ་མཚན་ལས་བྱུང་བར་མངོན་ཞིང་། ས་ལོ་འཇམ་དབྱངས་ཆེན་པོ་ནི། སྤྱིར་རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏ་མཚུངས་པ་མེད་པ་བདག་ཉིད་ཆེན་པོ་ས་སྐྱ་པཎ་ཆེན་ཉིད་སླར་འདས་ཏེ་བྱོན་པ་ལྟ་བུའི་རྣམ་པར་ཐར་པ་མངའ་ཞིང་། ཁྱད་པར་ས་སྐྱ་པའི་བཀའ་སྲུང་རྣམས་ཀྱིས་ཞལ་བསྟན་ཅིང་འཕྲིན་ལས་བསྒྲུབས་པའི་ཚུལ་ནི། སྐབས་ཤིག་ཤབ་དགེ་སྡིང་མགོན་ཁང་དུ་རྒྱུན་རིང་བཞུགས་ཏེ་ཐུགས་དམ་དང་ཆོས་སྐྱོང་གི་གཏོར་འབུལ་