R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༢བ
[A:༢༢བ] འདུག་གསུངས་པ་ཡང་། ས་སྐྱའི་ཆོས་སྐྱོང་རྣམས་ཀྱིས་རྗེ་སེམས་དཔའ་ཆེན་པོའི་བཀའ་ལས་ཅུང་ཟད་ཀྱང་མི་འདའ་བའི་ཤིན་ཏུ་རྨད་དུ་བྱུང་བའི་རྣམ་ཐར་དུ་སྣང་། རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག་ལ་ཡང་བསྟན་སྲུང་འདི་རྣམས་མཆོག་ཏུ་འགོ་བས། ཞལ་བཞུགས་དུས་ཨེ་ཝྃ་ཆོས་ལྡན་གྱི་ལུགས་གཉིས་དར་རྒྱས་ཀྱང་ཤིན་ཏུ་ཆེ་བས་འཕྲིན་ལས་མཐའ་དག་ཆོས་སྐྱོང་གིས་བསྒྲུབས་པར་གྲགས་ཤིང་། མྱ་ངན་ལས་འདས་པའི་ཚེ་ཡང་སྐུ་གདུང་བཞུགས་པའི་མཆོད་ཁང་ལ་པུ་ཏྲ་སོགས་དཀོན་གཉེར་གྱི་ཚུལ་དུ་འབྲལ་མེད་དུ་གནས་པ་གློ་བོ་མཁན་ཆེན་གྱི་གཟིགས་སྣང་ལ་ཤར་བ་སོགས་མཐའ་ཡས་ཤིང་། ས་སྐྱ་པའི་བསྟན་པའི་གསལ་བྱེད་དམ་པ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་བསོད་ནམས་སེང་གེ་ལ་བཀའ་སྲུང་རྣམས་ཀྱིས་འཕྲིན་ལས་བསྒྲུབས་པའི་ཚུལ་ནི། རྗེ་ཀུན་མཁྱེན་ཉིད་རྟ་ནག་གསེར་གླིང་དུ་བཞུགས་པའི་ནུབ་གཅིག་ཆོས་ཁྲིམས་པས་ཞལ་ཏ་ཞིག་ཞུ་རུ་ཕྱིན་པས། ཁྱོད་ཡོང་པ་སྔས་