R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༣ན
[A:༢༣ན] བྱུང་། མི་ནག་པོ་དུང་ལོ་བཏགས་པ་པུ་ཏྲ་ཡིན་ནམ་སྙམ་པ་གཅིག་དངོས་སུ་བྱུང་ནས་ལབ་ལབ་འགའ་བྱེད་གྲབ་ཡོད་པས། ད་ཡལ་སོང་གསུངས་པ་དང་། ཁ་འུར་གཏོར་སྒྲུབ་བསྐང་གསོ་གཅིག་མཛད་པའི་ཚེ། གདོང་བཞི་པའི་གཏོར་མའི་བ་དན་དེ་ཉིད་རྗེའི་ཕྱོགས་སུ་མགོ་དུད་ནས་འདུག་པ་དང་། ཐུབ་བསྟན་དུ་བཞུགས་པའི་དུས་ནུབ་ཅིག་མནལ་ལམ་དུ་མོན་པ་ཕྲུག་གུ་གཉིས་སྐྱེད་ལྷས་ཀྱི་བྲག་ཕུག་ཡིན་སྙམ་པ་གཅིག་ན་འདུག་པ། སྐུ་འཁོར་བ་ཡོད་པ་འདྲ་ལ། འདི་ཚོ་གདོང་བཞི་པའི་སྤྲུལ་པ་བྲམ་ཟེའི་གཟུགས་ཅན་ཡིན་ཚོད་དུ་འདུག་གསུངས་པས། མོན་པ་གཉིས་པོ་དེ་མགོ་གུག་གུག ཁ་འཛུམ་འཛུམ་བྱེད། འོ་ན་ཁྱེད་ཡེ་ཤེས་ཀྱི་མགོན་པོ་ཡིན་པས་མངོན་ཤེས་ལ་ཐོགས་པ་མེད་ཙ་ན། ཚེ་མཇུག་ལ་སྒྲུབ་པ་རྩེ་གཅིག་བྱས་ན་དགའམ། བཤད་པ་བྱས་ན་དགའ་གསུངས་པས། དེ་གཉིས་སྒྲུབ་པ་སྒྲུབ་པ་ཞེས་