R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༩ན
[A:༡༩ན] ངན་ནས་རིམ་གྲོ་བྱེད་པའི་གྲབ་བྱས་པས། དེའི་ཞག་ལྷ་བཟོ་བ་འབོད་མཁན་མངའ་རིས་པ་དབོན་པོ་ཨ་ཙ་ར་གྲོགས་མཆེད་གསུམ་གྱིས་སླེབས་པས། ས་སྐྱའི་ཆོས་སྐྱོང་གི་རྣམ་འཕྲུལ་དུ་ཤེས་པ་དང་། ལས་མགོན་རྣམས་རེས་འགའ་ལས་བསྒྲུབས་ཀྱང་གཏང་རག་མ་བྱུང་ཞེས་འཁང་བ་དང་། རེས་འགའ་ཁྱེད་ཀྱིས་མ་བཅོལ་བ་ཡང་ང་རང་གིས་བྱས་པ་ཡིན་ཞེས་ཁ་ཕོ་འདོན་པ་དང་། ལམ་འབྲས་བརྒྱུད་པའི་བླ་མའི་སྐུ་འདྲ་རྣམས་བཞེངས། སྤྲ་རྩི་བཏབ་སྟེ་ཐང་དཀྱིལ་དུ་བཞུགས་པ་ལ་མཚན་མོ་མོན་དུང་ལོང་བཏགས་པ་གཅིག་བྱུང་ནས། དཔོན་ལྷ་བཟོ་བ་ལ་མྱུར་དུ་ལོངས། ལྡེར་སྐུ་རྣམས་ཀ་དྲུག་མར་སྤྱན་འདྲེན་གྱིས་ཟེར་བ་དེ་ལྟར་བྱས་ནས་ཡུན་མི་རིང་པ་ནས་དྲག་ཆར་ཆེན་པོ་བྱུང་ངོ་། །ཁྱད་པར་ཨེ་ཝྃ་ཆོས་ལྡན་གྱི་དགོན་པའི་གཉེར་དང་བསྟན་སྲུང་ནི་ཆོས་སྐྱོང་ཞལ་བཞི་པས་བྱེད་པ་ཡིན་ཞིང་། འདིའི་རྗེས་གནང་ཡང་གདན་ས་པ་ནང་རྒྱུད་དུ་མ་བྱུང་ན་ཆོས་སྐྱོང་ཉིད་མི་མཉེས་པའི་ཚུལ་སྟོན་པ་།