R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༨བ
[A:༡༨བ] ཅིང་། གནས་པོ་མི་ཉེག་གཅིག་ཡོད་པ་ན་རེ། ཁྱེད་རང་ཨེ་ཙ་ཁར་ཕྱིན་ནས་ལས་ཀ་བྱས་ན་ཡོན་རྫོང་ཐམས་ཅད་གསེར་དུ་ཡོང་པས། འགྲོ་ན་ངས་བསྐྱལ་ཟེར་ཡང་འགྲོ་མ་འདོད་པར་བླ་མའི་དྲུང་དུ་ཟངས་སླེབས་པ་འདི། བླ་མས་སྒོམ་བྱས་པ་ངེད་ཀྱི་སྙིང་ལ་ཕོག་པ་ཡིན་མོད་ཅེས་ཟེར་ཏེ། ཆོས་སྐྱོང་གིས་རང་ དབང་མེད་པར་བཀུག་པ་ཡིན་ནོ། །ཡང་ས་སྐྱར་བཞུགས་དུས་གུར་མགོན་ལྕམ་དྲལ་དང་ཞལ་བཞི་པ་རྣམས་ལ་བསྟོད་པ་རེ་མཛད་པས། ནུབ་གཅིག་པུ་ཏྲ་ན་རེ། ང་ལ་ཡང་བསྟོད་པ་བྱེད་དགོས་ཟེར། དེའི་བསྟོད་པ་ཡང་མཛད་ཅིང་། དགྱེས་པའི་རྣམ་འགྱུར་གཟིགས་པ་དང་། གཞན་ཡང་པུ་ཏྲ་ན་རེ། སྔགས་འཆང་ཀུན་དགའ་ཟླ་བ་ནི་མི་སྡོད་པར་འདུག ང་ལ་གཏོར་མ་ཟུར་དུ་སྟེར་དགོས་ཟེར་བ་དང་། གསེར་སྐུ་ཆེན་མོ་བཞེངས་དུས་ལྷ་བཟོ་བའི་རྨི་ལམ ་དུ་ཨ་ཙ་ར་རྣ་བ་ལ་དུང་ལོང་བཏགས་པ་གཅིག་འོངས་ནས། ངེད་ཀྱི་ལྷ་བཟོ་ལ་ཡོང་དགོས་ཟེར་ཁྲིད་ཕྱིན་པ་རྨིས། རྨི་ལམ་།