[A:༡༦བ] རྣམས་དང་། གཞན་ཡང་གྲུབ་མཐའ་མི་གཅིག་པའི་གང་ཟག་ཐམས་ཅད་ཀྱང་ཐོ་འཚམ་པའི་སྤྲོས་པ་ཆོད་ཅིང་། ངོ་མཚར་བའི་གནས་སུ་འཛིན་པས་དཔལ་ལྡན་ས་སྐྱ་པའི་བསྟན་པ་ཕྱོགས་དེར་ནམ་ལངས་ཤིང་ཉི་མ་ཤར་བ་ལྟ་བུར་གྱུར། དེ་ལྟ་བུའི་ངོ་མཚར་བའི་རྣམ་པར་ཐར་པ་དུ་མའི་མངའ་བདག བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་འདིས་ནི་མགོན་པོའི་མན་ངག་གི་གླེགས་བམ་བསྒྲིགས་པར་མཛད་པ་སོགས་ས་སྐྱ་པའི་ཆོས་སྐྱོང་སྐོར་ལ་བརྒྱུད་པའི་བླ་མ་གཞན་རྣམས་ལས་རྒྱུ་མཚན་དུ་མའི་སྒོ་ནས་བཀའ་དྲིན་མཆོག་ཏུ་ཆེ་བ་ཞིག་ཡིན་ཞིང་། བདག་ཆེན་འདིས་ཁའུ་སྐྱེད་ལྷས་ཀྱི་དགོན་པའི་སུམ་ཅུ་རྩ་གསུམ་གྱི་སྒྲུབ་ཁང་དུ་ཡུན་རིང་བཞུགས་ནས་ཆོས་སྐྱོང་ཆེ་ཆུང་གི་མན་ངག་སོགས་ལ་འཆད་ཉན་རྩལ་སྟོན་མཛད་པས་དིང་སང་ས་སྐྱ་ཚད་ཀྱི་རྣ་བར་མ་གྲག་པའི་ཁའུ་པའི་སྙན་བརྒྱུད་ཀྱི་མན་ངག་ཟབ་མོ་ཞེས་ཀུན་ལ་མེད་པའི་གཡེར་ཆོས་སུ་།