R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༦ན
[A:༡༦ན] པར་བྱུང་ཞིང་། མི་མ་ཡིན་གྱི་ཆོ་འཕྲུལ་སྦལ་པ་ནག་པོ་ཤིན་ཏུ་ཆེ་བ་འཇིགས་སུ་རུང་བ་ཅིག་ཆ་ཐེར་གྱི་ནང་དུ་བྱུང་བ་ལ། རྗེ་ཉིད་ཀྱིས་ཁྲོ་བཅུའི་སྲུང་འཁོར་དང་། བདེ་མཆོག་གི་གོ་ཆ་དྲུག་ལ་བརྟེན་པའི་སྲུང་འཁོར་གདུག་རྩུབ་ཀྱི་སྦྱོར་བ་མ་ཞི་བར་དུ་མཛད་ཅིང་། ཕྱག་ཕྱི་བ་རྣམས་ཀྱིས་སྦལ་པ་བསྒྲལ་བས། དེ་ནས་ཞག་འགའ་ཡར་གྱི་བར་གང་ཕེབས་སར་སྤྲིན་ནག་པོ་བྱ་ར་བྱེད་པའི་རྣམ་པ་བྱུང་བ་དེ་ཞག་རེ་བཞིན་ཕར་འགྱང་ཕར་འགྱང་སོང་ཞིང་། ཐོག་ལ་སོགས་པའི་བར་ཆད་ཀྱི་རྣམ་པ་གང་ཡང་མ་བྱུང་བས། ས་ཕྱོགས་དེ་སྐོར་ན་ཡོད་པའི་བླ་དཔོན་མི་དཔོན་བོན་པོ་སོགས་ཐམས་ཅད་གནས་འདིར་བཞུགས་ཚུགས་པ་འདི་པ་དཔོན་སློབ་ལས་མ་བྱུང་ཟེར། ཀུན་ཧ་ལས་ཤིང་དད་པ་ཐུན་མོང་མ་ཡིན་པ་སྐྱེས་ནས་ཞབས་ཏོག་ཀྱང་ཕུན་སུམ་ཚོགས་པར་བསྒྲུབས། དེ་ལ་སོགས་པ་མཐུ་སྟོབས་ནུས་པ་བསམ་གྱིས་མི་ཁྱབ་པའི་སྙན་གྲགས་ཀྱིས་བོན་པོ་གདུག་པ་ཅན་།