R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༥བ
[A:༡༥བ] ཅད་ཇ་སྐོལ་བློ་བདེ་བར་ཐུངས་གསུངས་པའི་བཀའ་ལུང་ཕེབས། དེའི་རྒྱུ་མཚན་ཡུལ་ཕྱོགས་དེ་ན་གནས་པའི་སྐྱེ་བོ་རྣམས་ཀྱིས་ཐོས་པ་ན། སྔར་རྨ་ཆུ་གཙང་པོ་ལ་སུས་ཀྱང་རབ་མ་ཐོན་པ་ལ། ད་ལན་འདི་འདྲ་བའི་རབ་འདོན་པ་འདི་སུ་ཞིག་ཡིན་ནམ་ཞེས་ཐམས་ཅད་འཇིགས་ཤིང་ཧ་ལས་ནས་ངོ་མཚར་བའི་གཏམ་དུ་གླེང་བར་བྱེད་དོ། །དེ་ནས་ཡུལ་ཕྱོགས་གཞན་ཞིག་ཏུ་ཕེབས་པ་ན་ཆོས་ལ་མི་མོས་པའི་བོན་པོ་གདུག་པ་ཅན་འགའ་ཞིག་གིས་སྔར་གྱི་ལོ་རྒྱུས་རྣམས་ཐོས་པས་ཞེ་འཇིགས་ཀྱང་། ཕྲག་དོག་གི་དབང་གིས་སེམས་ལ་རང་དབང་མ་ཐོབ་པར་དཔོན་སློབ་རྣམས་ལ་ཐོ་འཚམ་པའི་སེམས་ཀྱིས་སྔར་ཐོག་ལམ་རྒྱུན་པར་ཡོད་པའི་ས་ཆ་ཤིན་ཏུ་གཉན་པ་སུས་ཀྱང་སྡོད་མི་ནུས་པ་ཞིག་ཏུ་སྒར་པ་ཁུངས་བསྟན། དེར་དཔོན་སློབ་རྣམས་ཀྱིས་བཞུགས་པ་ན། སྲོད་ཐུམ་པ་ནས་སྤྲིན་ནག་འདུས་འབྲུག་སྒྲ་ཤིན་ཏུ་དྲག་པ་དང་། གློག་ཕྲེང་རྒྱུན་མི་འཆད་པ་ཐོ་རངས་ཀྱི་ཆ་ཟིན་གྱི་བར་མུ་མ་ཆད་།