R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤བ
[A:༤བ]ན་ཕར་འགྲོ་བས་གངས་ཐམས་ཅད་ཕར་གཤགས་ཚུར་གཤགས་བྱེད་ཅིང་། རྭ་རྩེ་རྣམས་གནམ་ལ་གཟེངས་ཏེ། མཇུག་མ་རྣམས་ས་ལ་འཚུབ་སེ་བ་དང་བཅས་སོང་བ་དེར་ཡོད་རྣམས་ཀྱིས་མཐོང་བས། ཀུན་ཀྱང་ཧ་ལས་ཤིང་ཆོས་སྐྱོང་གི་སྤྲུལ་པར་ཐག་ཆོད་དོ། །ཡང་བདག་ཆེན་འདི་དགེ་སྡིང་དུ་བཞུགས་སྐབས་ཤིག རྒྱ་མདུད་དཔོན་བཟང་སོགས་དམ་ཉམས་འདྲའི་ངན་རྒྱབ་སྡེ་དཔོན་ཆེ་བ་འགས་བྱས་ནས། དགེ་སྡིང་གི་མཐའ་ལ་དམག་སྒར་བརྒྱབ་ནས་རྗེ་ཉིད་བཞུགས་པའི་བླ་བྲང་ལ་ཆུ་བསྐོར་བཅུག་པའི་ཞབས་འདྲེན་མི་འཚམས་པ་བྱས་པ་ན། བླ་མ་འདིས་ཆོས་སྐྱོང་ལ་ར་ཟླ་དང་བཅས་ན་བཟའི་གཡབ་མོ་སྡེབས་པ་མཛད་པས། གཡག་རྒོད་ནག་པོ་དར་ཚོན་ཅན་གཉིས་བྱུང་ནས་རྭ་རྩེས་ཆུ་བསྐོར་བཅུག་པའི་རྫིང་ཆེན་པོ་ཕྱོགས་མེད་དུ་དབྲལ་བར་བྱེད་པ་དང་བསྟུན། རྗེ་འདིའི་ཐུགས་དམ་རྒྱུན་པའི་རྟེན་འདོད་ཁམས་ལྷ་མོའི་སྐུ་བརྙན་ཞིག་ཡོད་པ་དེས། དམག་སྒར་གྱི་མཐའ་ལ་ཉུལ་ཞིང་། བཞོན་པ་བོང་