R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤ན
[A:༤ན]ཤེས་རབ་རྒྱལ་མཚན་ནི། ཡི་དམ་རྡོ་རྗེ་ཕུར་པ་དང་། ཆོས་སྐྱོང་ཆེ་ཆུང་ལ་ཤིན་ཏུ་མངའ་བརྙེས་པས། རྗེ་ཉིད་ཁམས་ཕྱོགས་སུ་བསྟན་འགྲོའི་དོན་རྒྱ་ཆེན་པོ་བསྒྲུབ་པ་ལ་ཕེབས་སྐབས། ལ་བག་མ་ལ་ཟེར་བའི་ལ་ཆེན་པོ་ཡོད་པའི་ལམ་བར་ཐམས་ཅད་ཁ་བ་པུས་ནུབ་ཙམ་གྱིས་ཁྱབ་ཅིང་། ལ་དེ་ཉིད་རང་ལ་གངས་དཔང་ཐོག་སོ་གསུམ་ཙམ་བབས་ཏེ་ལམ་སྟོར་བ་ན། བླ་མ་འདིས་ཆོས་སྐྱོང་ལ་འཕྲིན་ལས་བཅོལ་བས། སང་ཉིན་ནམ་མཁའ་གློ་བུར་དུ་དྭངས་ནས་ཉི་མ་ཤར་ཏེ། གྲྭ་པ་རྣམས་ཀྱིས་ལམ་དམིགས་བཙལ་བས། འབྲོང་གཅིག་གི་རྨིག་རྗེས་ཤ་རེ་འདུག་པ་རྙེད་ནས། རྗེས་དེ་ལ་བརྩད་དེ་དཔོན་སློབ་རྣམས་ཀྱིས་ཕེབས་པའི་ཚེ། ཁ་བའི་དཔང་ཤིན་ཏུ་མཐོ་བས་ལམ་མི་འདྲ་འཕྲང་ག་དོག་པོ་འདྲ་བས། དེ་མཐོང་བ་ཙམ་གྱིས་ཀུན་གྱི་སེམས་སྐྲག་པར་བྱེད་ཅིང་། དེ་ནས་རིམ་གྱིས་ཕེབས་པ་ན་འབྲོང་སུམ་ཅུ་ཙམ་ཞིག་ལ་ཁ་