R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣བ
[A:༣བ]ཁྲིད་ལུང་མན་ངག་རྒྱུད་བཤད་སོགས་རྩལ་འདོན་དུ་གནང་བའི་ཞལ་སློབ་ཀྱི་གཙོ་བོ་ཡང་། ཐེག་ཆེན་རིན་པོ་ཆེ། ས་བཟང་འཕགས་པ། ཤར་པ་སོགས་དགེ་བའི་བཤེས་གཉེན་ཆེ་རགས་མང་དུ་འདུས་ཤིང་། ཆོས་སྐྱོང་རྣམས་ཀྱང་ཤིན་ཏུ་འགོ་བས་ནུས་པའི་མངའ་བདག་ཏུ་བཞུགས་སོ། །འཇམ་དབྱངས་ནམ་མཁའ་རྒྱལ་མཚན་ནི་མཁྱེན་པའི་བློ་གྲོས། སོ་སྐྱེའི་བློའི་སྤྱོད་ཡུལ་ལས་འདས་པས། ཉི་མ་གཉིས་ལ་རྩ་རྒྱུད་བརྟག་གཉིས་ཚེགས་མེད་དུ་མཁྱེན། གདུགས་གཅིག་ལ་འཁོར་ལོ་བདེ་མཆོག་གི་སྒྲུབ་དཀྱིལ་ཐུགས་སུ་ཆུགས་པས་ཀུན་གྱིས་འཇམ་དབྱངས་ཆེན་པོར་མཚན་གསོལ། བསྟན་སྲུང་རྣམས་ཀྱིས་འཕྲིན་ལས་ཐོགས་མེད་དུ་བསྒྲུབས་པས་མཐུ་སྟོབས་ཆེ་བའི་སྙན་པས་ཕྱོགས་ཀུན་ཏུ་ཁྱབ་པར་གྱུར་ཏོ། །གྲུབ་པའི་དབང་ཕྱུག་རྒྱ་གར་