R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༠༨ན
[A:༢༠༨ན]དཀར་བདུད་ལྕམ་དྲལ་དང་། ཞིང་སྐྱོང་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་གཉིས་ཀྱི་མན་ངག་གི་ཡིག་སྐོར་གསར་རྙིང་སོ་སོའི་ལུང་ཡོངས་སུ་རྫོགས་པ། ཁྱད་པར་གཉན་མགོན་ཆེན་པོའི་མན་ངག་མཐར་ཐུག་ཧ་ལ་ནག་པོའི་བེའུ་བུམ་མ་ཡིག་བུ་ཡིག་དང་བཅས་པ་རྣམས་ཐུགས་སྤྲོ་བ་ཆེན་པོས་སྩལ་ཅིང་། བླ་མ་དེ་རྣམས་ཀྱི་གསུང་ལས། སྔོན་ཆོས་རྒྱལ་འཕགས་པས། དམ་པ་ཀུན་དགའ་གྲགས་ལ་ཆོས་སྐྱོང་གི་མན་ངག་ཐུན་མོང་མ་ཡིན་པ་རྣམས་གནང་བའི་ཚེ། འདི་རྣམས་ངེད་རང་གི་ཚ་བོ་རྣམས་ལ་འཕྲོད་པར་གྱིས་གསུངས་པ་བཞིན། དམ་པས་ཀྱང་བླ་མ་བདག་ཉིད་ཆེན་པོ་ཁོ་ན་ལ་གནང་འདུག་པ་དང་། དུས་ཕྱིས་བདག་ཆེན་རྡོ་རྗེ་འཆང་གིས་ཀྱང་། རྗེ་རྡོ་རིང་པ་ལ་དེ་དང་འདྲ་བའི་བཀའ་སྩལ་ཕེབས་འདུག་ཀྱང་། བར་སྐབས་ཀྱི་ཞལ་ངོ་ཕལ་ཆེར་ལ་འདི་སྐོར་གྱི་མན་ངག་ཡོངས་རྫོགས་བཞུགས་པ་