R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༠༧བ
[A:༢༠༧བ]རྫོགས་པ་སྤྱན་སྔ་ཆོས་ཀྱི་རྒྱ་མཚོ་བས་གསན་ཅིང་། དེས་བདག་གི་བླ་མ་ཆོས་ཀྱི་སྤྱན་ལྡན་ལོ་ནས་སྤྱན་སྔ་རིན་པོ་ཆེ་ཀུན་དགའ་དོན་གྲུབ་ལ་གནང་བ་ལས། དེ་ཉིད་ཀྱི་དྲུང་དུ་ཁོ་བོ་ཅག་གིས་གུར་གྱི་མགོན་པོའི་དཀྱིལ་འཁོར་ལྔའི་དབང་དང་། ཆོས་སྐྱོང་གཉིས་ཀའི་རྗེས་གནང་སོ་སོ་བ་རྣམས་ཡོངས་སུ་རྫོགས་པ། ཕྱི་ནང་གསང་བའི་ཟབ་མོའི་ཁྲིད་ཀྱི་རིམ་པ་མཐའ་དག་མ་ལུས་པ་དང་། མེ་འབར་མ་སོགས་མགོན་པོད་རྣམས་ཀྱི་ལུང་ཕལ་ཆེར་གྱི་བཀའ་དྲིན་ནོས་ཤིང་། ཡང་རྗེ་ཚར་ཆེན་ཡབ་སྲས་ཀྱི་དངོས་སློབ་ཉམས་དང་རྟོགས་པའི་མངའ་བདག་གྲུབ་མཆོག་དབང་ཕྱུག་རབ་བརྟན་གྱི་དྲུང་དུ་ཡང་གུར་གྱི་མགོན་པོ་ལྷ་བརྒྱད། ལྷ་མགོན་བཅུ་གཉིས་མ། འཁོར་རྐྱང་རྣམས་ཀྱི་རྗེས་གནང་དང་། ཞལ་བཞི་པ་སྒྲུབ་དུས་ཀྱི་རྗེས་གནང་རྒྱས་པ། བྲམ་ཟེ་མངགས་གཏད། ཆོས་སྐྱོང་གཉིས་ཀའི་མན་ངག་གི་ཡིག་སྐོར་དུ་མའི་ལུང་དང་ཕྱག་ཁྲིད།