R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༠༧ན
[A:༢༠༧ན]རྗེ་བསོད་ནམས་ཆོས་འཕེལ་གྱིས་རྗེ་མཁྱེན་བརྩེ་བ་ཉིད་ཀྱི་དྲུང་དུ་སྤྱིར་གསང་སྔགས་གསར་རྙིང་གི་གདམས་པ་རྒྱ་མཚོ་ལྟ་བུ་རྣམས་དང་། ཁྱད་པར་ཆོས་སྐྱོང་གཉིས་ཀྱི་སྐོར་སོགས་བུམ་པ་གང་བྱོའི་ཚུལ་དུ་གསན། རྗེ་དེ་ཉིད་ལས་བདག་ཅག་གི་ཡོངས་འཛིན་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་ཀྱི་གྲགས་པས་ཇི་ལྟར་གསན་པ་བཞིན་གྱི་ས་སྐྱ་པའི་བསྟན་སྲུང་དབང་པོ་རྣམ་གཉིས་ཀྱི་རྗེས་གནང་མཐའ་དག ཟབ་ཁྲིད་སོ་སོ། ལག་ལེན་གྱི་ཕྱག་ཁྲིད། རྒྱབ་རྟེན་གྱི་མགོན་པོད་གསར་རྙིང་ཀུན་གྱི་ལུང་ཡོངས་རྫོགས་སོགས་ཐུན་མོང་མ་ཡིན་པའི་གདམས་པ་མཐའ་དག་ཞིབ་ཅིང་མཐའ་ཆོད་པར་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་བདག་ལ་དགྱེས་བཞིན་དུ་གནང་བ་ལགས། ཡང་ཚར་ཆེན་གྱི་དངོས་སློབ་རྗེ་བོད་མཁར་བ་དོན་གྲུབ་རྒྱལ་མཚན་གྱི་དྲུང་དུ། འདི་སྐོར་གྱི་ཆོས་སྐོར་རྣམས་ཡོངས་སུ་