R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༠༦བ
[A:༢༠༦བ]ཏུ་མ་ཤོར་བ་གྱིས་གསུངས། དེ་ནི་ཆོས་སྐྱོང་ཆེ་ཆུང་དང་། དམར་པོ་སྐོར་གསུམ་སོགས་ཀྱི་ཆོས་ཀྱི་བཀའ་བབས་ཀྱི་སྣོད་དུ་གཟིགས་ནས་གནང་བ་ཡིན་པར་གདའ། ཡང་རྗེ་མཁྱེན་བརྩེ་བ་ཉུག་ན་བཞུགས་སྐབས་ཤིག རྗེ་ཚར་ཆེན་འཕྲལ་དུ་ཉུག་ཏུ་ཕེབས་བྱུང་པ་ལ། བླ་མ་དང་མཇལ་བའི་དགྱེས་ཚོར་ཆེན་པོ་བྱུང་ནས། ད་ལན་ཅི་ལ་ཕེབས་པ་ཡིན་ཞུས་པས། ཁྱོད་གཤིན་རྗེ་དང་འབྲེལ་ཆེ་བར་འདུག་པས་འཇིགས་བྱེད་ཀྱི་ཆོས་རྣམས་ཤོད་གསུངས་བྱུང་བས། ས་དང་པོ་ཐོབ་པ་ལྟ་བུའི་དགའ་བ་འཁྲུངས། དེ་ནས་འཇིགས་བྱེད་ཀྱི་དབང་། རྗེས་གནང་། ཁྲིད། ལས་གཤིན་གྱི་རྗེས་གནང་། ར་སྤོད་ཀྱི་ལུང་སོགས་ཡོངས་སུ་རྫོགས་པར་གནང་བ་ཡིན་ཞིང་། རྗེ་མཁྱེན་བརྩེ་བ་དེ་ལ་སློབ་མ་མང་དུ་བྱུང་ཡང་སྙན་བརྒྱུད་ཟབ་མོ་རྣམས་ཀྱི་བཀའ་བབ་ནི་རྗེ་རྟ་ར་བ་བསོད་ནམས་ཆོས་འཕེལ། མཁན་ཆེན་བྱམས་པ་རབ་བརྟན། རྗེ་དབང་ཕྱུག་རབ་བརྟན་སོགས་བྱུང་པ་ལས།