R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༩བ
[A:༡༩བ]བ་དུང་ཕྱུར་གྱིས་བསྐོར་ཏེ་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འོངས་ནས་མཚོན་ཆའི་ཆར་ཆེན་པོ་མེ་ལྕེ་འཁྲུགས་པ་ལྟར་འབེབས་ཤིང་ལྷགས་པས། ཆོས་བཟང་ཞེས་བྱ་བའི་མདུན་སར་ལྷ་རྣམས་འཚོགས་ཏེ་འཐབ་པར་རྩོམ་པ་ལ། དང་པོར་ལྷ་རྣམས་ཀྱིས་ཁྲོ་མ་ཤེས་པར་རྩུབ་འགྱུར་གྱི་ཁང་པ་ན། ཁྲོ་བོ་ལང་ཀ་ཏ་ནག་པོ་ཁྲོས་པའི་ཁ་ཆུའི་རྫིང་བུ་བདུན་འཁྱིལ་བ་ལས་འཐུངས་སོ། །དེར་ལྷ་རྣམས་ཞེ་སྡང་སྐྱེས་ཏེ། ཤིན་ཏུ་ཁྲོ་བར་གྱུར་ནས་ལྷའི་བཟོ་བོ་བི་ཤྭ་ཀརྨས་ནུབ་གཅིག་ལ་གསེར་ཁྲབ་བྱེ་བ་དགུ་འབུམ་བརྡུངས། ལྷ་མཧཱ་ཀྲོ་དྷས་ནུབ་གཅིག་ལ་རལ་གྲི་དང་། འཁོར་ལོ་དང་། ཐོ་བ་དང་། ལྕགས་ཀྱུ་དང་། དགྲ་སཏྭ་དང་། མདུང་རྩེ་གསུམ་པ་བྱེ་བ་ཕྲག་དགུ་ཁྲི་དགུ་འབུམ་བརྡུངས། དུས་དེར་གླང་པོ་ཆེ་རབ་ཏུ་བརྟན་པའི་མགོ་སུམ་ཅུ་རྩ་གཉིས་ལ་ཉེ་དབང་སུམ་ཅུ་རྩ་གཉིས་ཞོན། དབུས་ཀྱི་མགོ་བོ་ལ་ལྷའི་དབང་པོ་བརྒྱ་བྱིན་ཉིད་ཞོན། ལྷ་