R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༩༥བ
[A:༡༩༥བ]འདུག་པས། བཟང་པོ་དཔལ་བ་ཚོལ་གསུང་བའི་ལུང་བུད། དེ་དུས་བླ་མ་འདིས་རྗེ་བཙུན་མ་ལ་རྩེ་གཅིག་ཏུ་གསོལ་བ་བཏབ་པས། ཉི་མ་འཆར་གར་ཙནྡན་སྡོང་པོའི་སྟེང་ནས་ཞལ་བསྟན། བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང་། །ནོར་འདོད་པས་ནི་ནོར་རྣམས་ཉིད་ཐོབ། །ཅེས་གསུང་བྱོན། དགུང་ལོ་སོ་ལྔ་པ་ལ་སྨན་རྩེ་ནས་གདན་དྲངས། སོ་དྲུག་པ་ལ་གོང་མས་གནང་སྦྱིན་བཟང་པོ་མཛད། འཕགས་པ་ཏི་ཤྲཱིའི་དབོན་པོ་ཡིན་ངེས་སུ་འདུག་པས་གདུང་བརྒྱུད་སྤེལ་བའི་ལུང་ཕུད་ས་སྐྱར་མགྱོགས་པར་བྱོན་ལ་གདན་ས་གྱིས་གསུངས་པ་བཞིན་ཕེབས་ཏེ་གདུང་བརྒྱུད་སྤེལ་བ་དང་། སློབ་གཉེར་རྣམས་ལེགས་པར་མཛད། རྒྱལ་པོའི་ལུང་ཡོད་ཀྱང་གསན་སྦྱོང་གི་སྟབས་དང་། ཅུང་ཟད་མི་མཛེས་པ་ལ་དགོངས་ནས་ལོ་བཅུའི་བར་དུ་ལྷ་ཁང་བླ་བྲང་དུ་བཞུགས་ནས། གདན་སར་ཤར་པ་རིན་རྒྱལ་བ་བཞུགས་སུ་བཅུག དེ་ལྟར་ན་འདིས་ཉེར་བརྒྱད་པ་ནས་ཞེ་ལྔའི་བར་ལོ་བཅོ་བརྒྱད་ཀྱི་རིང་ལ་དཔལ་ལྡན་