R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༩༥ན
[A:༡༩༥ན]ཨ་འབུས་གདན་དྲངས་ནས་གོང་དུ་བྱོན། གོང་མའི་ལུང་གིས་རེ་ཞིག་བརྟག་དགོས་པས་སྨན་རྩེར་རྒྱུགས་གསུངས་ནས་སྤྱུགས་པས། འདིས་ཉེར་བདུན་བཞེས་པའི་ཚེ། ས་སྐྱར་དྷརྨཱ་པཱ་ལ་གྲོངས། གདན་ས་བུ་ཆེན་ལ་བཅོལ་ནས་ས་སྐྱ་པ་རྣམས་ཅི་བྱ་ལ་གཏད་པའི་དུས། ཡར་འབྲོག་གི་དཔོན་ཆེན་ཨག་ལེན་གྱིས་སེམས་ཀྱིས་མ་བཟོད། དོ་དམ་ཆེར་མཛད། དེའི་གྲོགས་ཁམས་པ་དཔོན་ནག་ཅེས་བྱ་བས་ཀྱང་བྱས་ནས་བཀའ་བགྲོས་པ་རྣམས་ལ་གྲོས་བསྐུལ། ཏི་ཤྲཱི་གྲགས་འོད་པ་གོང་ན་བཞུགས་པ་ལ་ཞུ་ཡིག་བྱས་པས། ཏི་ཤྲཱི་བའི་ཕྱག་ཕྱི་ཉི་ལྡེ་བ་ཤེས་རབ་དཔལ་དང་། མི་ཆེན་ཨུ་དུས་བྱས་ནས་གོང་མ་ལ་ཞུ་བ་ནན་གྱིས་འབུལ་བའི་རྒྱུ་དང་། ལྕམ་སྲིང་མ་སྤྱོད་ཉེས་གཅིག་ཀྱང་ཧོར་ཡུལ་དུ་ཕེབས་པ་གཡང་ལ་ལྷུང་ནས་གྲོངས་པ་ལ་འཇའ་འོད་དང་རིང་བསྲེལ་བྱུང་བས། ངའི་བླ་མའི་རུས་པ་ཡིན་ཙམ་གྱིས་ཆོག་པར་