R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༩༤ན
[A:༡༩༤ན]བབ་བོ་ཞེས་ཀྱང་གྲགས་ཤིང་། ལ་ལ་ནི་ད་ལྟ་ཡང་རྒྱ་ནག་རི་བོ་རྩེ་ལྔ་ན་བཞུགས་པས་སྐལ་ལྡན་དག་དང་མཇལ་དུ་ཡོད་ཟེར་རོ། །བདག་ཆེན་བློ་གྲོས་རྒྱལ་མཚན་གྱི་དངོས་སློབ་ཡང་དགོན་པ་དཔལ་ལྡན་བཀྲ་ཤིས་ཀྱི་ཟིན་བྲིས་ལས། འཕགས་པ་ལ་མགོན་པོའི་བཀའ་བབ་ཀྱི་སློབ་མ་གསུམ་བྱུང་བ་ནི། ཨ་གཉན་དམ་པ། དམ་པ་ཀུན་གྲགས། བུ་ལུང་ཀུན་རྡོར་ཞེས་བཤད་པ་ནི། ཅུང་ཟད་གསུང་བགྲོས་མ་ཟིན་པར་སྣང་སྟེ། ཨ་གཉན་དམ་པ་དང་། དམ་པ་ཀུན་གྲགས་གཉིས་མཚན་གྱི་འབོད་ཕྱོགས་ཙམ་མ་གཏོགས་གཅིག་པར་སྣང་བའི་ཕྱིར་རོ། །དེ་ལྟ་བུའི་དམ་པ་ཀུན་དགའ་གྲགས་ལ་སྔོན་བླ་མ་འཕགས་པས། ཆོས་སྐྱོང་གི་མན་ངག་རྣམས་རྫོགས་པར་ཆིག་བརྒྱུད་དུ་གནང་དུས། མ་འོངས་པ་ན་ངེད་ཀྱི་ཚ་བོ་རྣམས་ལ་ཅིས་ཀྱང་འཕྲོད་པ་གྱིས་ཤིག་ཅེས་གསུངས་པའི་བླ་མའི་བཀའ་བཞིན་བདག་ཉིད་ཆེན་པོ་བཟང་པོ་དཔལ་ལ་བསྟན་སྲུང་རྣམས་ཀྱི་ཆོས་སྐོར་མཐའ་