R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༨༨བ
[A:༡༨༨བ]ཤིང་། དེ་ཕྱིན་ཆད་གྲྭ་པ་དག་གིས་ལྕམ་དྲལ་གྱི་འབག་དང་ཕོད་ཀ་གྱོན། རྟ་ནག་ཞོན་ནས་གཟིགས་སྣང་དང་འདྲ་བའི་ཆ་ལུགས་སུ་བྱས་ཏེ་ཆོས་ཀྱི་རྒྱལ་པོའི་ཞབས་འབྲིང་ལ་འགྲོ་བའི་ཞལ་བཀོད་མཛད་དེ། དེ་དུས་ཀྱི་ཞལ་འབག་དང་ཕོད་ཀ་སོགས་མ་ཉམས་པ་དུས་ཕྱིས་ཤིང་སྒྲོམ་ལ་གཡོགས་ཏེ། ས་སྐྱའི་ཚོམས་བར་སོགས་མགོན་ཁང་རྣམས་ན་བཞུགས་པ་ལ་འཆམ་མགོན་རྟ་ཐོག་མ་ཞེས་གྲགས་སོ། །ཆོས་ཀྱི་རྒྱལ་པོ་དཔལ་ལྡན་འཕགས་པ་འདི་ཉིད་ཀྱིས་བསྟན་སྲུང་རྣམས་བྲན་དུ་འཁོལ་བའི་མཐུ་རྩལ་གྱིས་སྟོད་ཧོར་གདུག་པ་ཅན་བཏུལ་བའི་ཚུལ་ནི། ཧོར་གྱི་རྒྱལ་པོ་གོ་དན་ལ། གཅེན་པོ་ཧུ་ལ་ཧུ་བྱ་བ་དང་། གཅུང་པོ་གོ་པེ་ལ་ཞེས་པ་སེ་ཆེན་རྒྱལ་པོ་དང་མཆེད་གསུམ་ཡོད་པའི། གོ་དན་གྱིས་བློན་ཐབས་མཛད། ཁྲིམས་ར་ཐམས་ཅད་ལ་དབང་བསྒྱུར། སེ་ཆེན་རྒྱལ་སར་བཀོད། ཕུ་བོ་ཧུ་ལ་ཧུ་ལ་དབང་རིགས་ཆེར་མེད་པ་ནས།