R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༨༨ན
[A:༡༨༨ན]་ཏོ། །དེ་ལྟར་དགུང་ལོ་བཅོ་བརྒྱད་པ་ནས་ཞེ་དྲུག་པའི་བར་ཉི་ཤུ་རྩ་དགུའི་བར་ལ་གདན་ས་ཆེ་འབྲིང་ཆུང་གསུམ། རྒྱ་བོད་ཀྱི་ཆོས་སྡེ་ཕལ་མོ་ཆེའི་བདག་རྐྱེན་བཀོད་བཞག་སྐྱོང་དར་ལ་སོགས་པས་ཉིན་མཚན་འདས་པར་མཛད་ནས། ཞེ་དྲུག་པ་ལྕགས་ཕོ་འབྲུག་གི་སྨལ་པོ་ཟླ་བའི་ཉི་ཤུ་གཉིས་ལ་དཀོན་མཆོག་གི་དྲུང་དུ་མཆོད་པ་རྒྱས་པར་ཤོམས་གསུངས་ནས་རྡོ་རྗེ་སྐྱིལ་ཀྲུང་མཛད། རྡོར་དྲིལ་ཐུགས་ཁར་བསྣོལ་བའི་ངང་ནས་རྨ་བྱ་ཆེན་མོ་དང་། དཔལ་མགོན་ཀླུ་སྒྲུབ་ལ་སོགས་པ་མངོན་སུམ་དུ་གཟིགས་པ་སོགས་ངོ་མཚར་གྱི་ལྟས་དུ་མ་དང་བཅས་ཏེ། ལྷ་ཁང་ཆེན་མོའི་བླ་བྲང་དུ་བདེ་བར་གཤེགས་སོ། །བླ་ཆེན་འདིས་ཧོར་ཡུལ་དུ་བྱོན་པའི་བར་ལམ་དུ་སྤྲིན་གསེབ་ཏུ་གུར་གྱི་མགོན་པོ་རྟ་ནག་ལ་ཆིབས་ཏེ། བེར་ནག་གསོལ་བ། ཕྱག་ན་གྲི་ཐོད་འཛིན་ཞིང་། ལྷ་མོ་ཕྱག་གཉིས་མ་རྟ་རྒྱབ་ཏུ་བསྐྱོན་པ། རྟ་ནག་གི་རྨིག་པ་ནས་མི་ནག་གསུམ་གྱིས་བཏེག་པ་ཞིག་མངོན་སུམ་དུ་གཟིགས་