R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༧༥ན
[A:༡༧༥ན]མཁའ་འགྲོ་དམ་ཅན་སྲུང་མ། ལྷ་ཀླུ་གནོད་སྦྱིན་སོགས་གཟུགས་མེད་ཐམས་ཅད་བྲན་བཞིན་དུ་འཁོལ་བའི་མཐུ་སྟོབས་ཀྱི་དབང་ཕྱུག་རྗེ་བཙུན་ཆེན་པོ་དེ་ཉིད་ཀྱི་དྲུང་དུ། ས་སྐྱ་པའི་ཆོས་སྐྱོང་རྣམས་ཀྱི་མན་ངག་གི་ཆོས་སྐོར་ཡོངས་སུ་རྫོགས་པ་ཆོས་རྗེ་ས་པཎ་ཉིད་ཀྱིས་གསན་པ་ཡིན་ཏེ། འདིའི་རྣམ་ཐར་བསྡུས་ཏེ་བརྗོད་ན། དེ་ཡང་མཁྱེན་བརྩེ་འཕྲིན་ལས་གསུམ་གྱི་སྒོ་ནས་རྟོགས་པར་བྱ་སྟེ། མཁྱེན་པ་ལ་རང་གིས་སྦྱངས་པ་དང་། གཞན་ལ་བསྟན་པའོ། །དང་པོ་ནི། ཀླུའི་རྒྱལ་པོས་ཡུམ་ལ་གནས་ཁང་གཡར་བའི་ཚུལ་གྱིས་བསམ་བཞིན་དུ་མངལ་བཟུང་ནས། དགེ་བྱེད་ཅེས་བྱ་བ་ཆུ་ཕོ་སྟག་གི་ཁྲ་ཟླའི་ཉི་ཤུ་དྲུག་ལ་ཡུམ་གྱི་ལུས་སེམས་བདེ་བའི་ཉམས་དང་ལྡན་པར་སྐུ་བལྟམས་ཏེ། གོག་ཐུབ་པའི་དུས་སཾ་སྐྲྀ་ཏའི་སྐད་གསུངས་ཤིང་། རྒྱ་ཡིག་མང་པོ་བྲིས་ནས་བཀླགས་ནས་མི་འགོམ་པར་བསུབས་པ་དང་། གཞོན་ནུ་ཉིད་ནས་ཀློག་ཡིག་བཟོ་གསོ་བ་སྐད་གཉིས་ཀྱི་རྣམ་གྲངས་ལ་སོགས་