R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༦ན
[A:༡༦ན]ཤེས་པ་གཅིག་ཀྱང་མ་བྱུང་པས། ད་ཤེས་པ་མི་འོང་བྲོས་ན་ཐར་བ་སྲིད་དམ་སྙམ་ནས་ནགས་ཚལ་ཆེན་པོ་ཞིག་གི་གསེབ་ཏུ་བྲོས་པ་དང་། ནགས་དེའི་གསེབ་ན་མི་མ་ཡིན་མ་སྨད་གཉིས་འདུག་པས། མ་ན་རེ། སང་ནི་པཎྜི་ཏ་མང་པོ་གསོད། དེ་རྣམས་ཀྱི་ཤ་ཁྲག་མང་པོ་བཟར་ཡོང་ངོ་ཟེར་རོ། །བུ་མོ་ན་རེ། དེ་རྣམས་གསོད་པའི་རྒྱུ་མཚན་ཅི་ཡིན་ཟེར་བས། མས་སྔར་གྱི་རྣམ་ཐར་བཤད་དོ། །བུ་མོ་ན་རེ། སྒྲ་དེ་སུས་ཤེས་ཟེར་བ་ལ། མ་ན་རེ། ཡུལ་འདི་སྐད་བྱ་བ་ན་པཎྜི་ཏ་འདི་སྐད་བྱ་བ་ཡོད་དེས་ཤེས་ཟེར་ཞིང་འདུག་པ་ཐོས་སོ། །དེ་ནས་པཎྜི་ཏ་དེས་པཎྜི་ཏ་དེ་ལ་འདྲིར་ཕྱིན་པས། པཎྜི་ཏ་དེས་སྨྲས་པ། སྙིང་དང་འདྲ་བའི་གྲོགས་པོ་ཡིས། །ནགས་ཚལ་དགོན་པར་ཁྲིད་ནས་ནི། །ཐོར་ཚུགས་རྡོག་པས་མནན་བྱས་ཏེ། །སྐེ་ལ་སྨྱུག་མའི་ཚལ་པ་བརྒྱབ། །ཅེས་བྱ་བ་ཡིན་ཟེར་རོ། །དེ་ནས་པཎྜི་ཏ་དེས་རྒྱལ་པོའི་རྩར་