R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༥བ
[A:༡༥བ]ཤིན་ཏུ་མཁས་པར་འདུག ངས་ནི་ཅི་ཡང་མི་ཤེས་པས་ཡུལ་དུ་འགྲོགས་ནས་འགྲོ་བ་ངོ་ཚ་སྙམ་ནས། བས་མཐའ་ནགས་ཚལ་ཞིག་གི་གསེབ་ཏུ་རྒྱལ་བུའི་སྐེ་ལ་སྨྱུག་མའི་ཚལ་པ་བརྒྱབ་སྟེ་བསད་དོ། །དེའི་ཚེ་རྒྱལ་བུ་ན་རེ། ངའི་ཕ་མ་ལ་ཨ་པྲ་ཤྲི་པྲ་ཞེས་བྱ་བའི་འཕྲིན་འདི་སྨྲོས་ལ་བེར་ཀ་འདི་གཏོད་ཅིག་ཟེར་ནས་ཤི་བར་གྱུར་ཏོ། །དེ་ནས་བློན་པོའི་བུས་ཡུལ་དུ་ཕྱིན་ཏེ། རྒྱལ་བུའི་ཕ་མ་ལ་སྨྲས་པ། ཁྱེད་ཀྱི་རྒྱལ་བུ་ཤི བེར་ཀ་འདི་ཡིན། འཕྲིན་ཨ་པྲ་ཤྲི་པྲ་ཞེས་ཟེར་རོ་བྱས། དེ་ནས་རྒྱལ་པོས་མཆོད་གནས་པཎྜི་ཏ་ལྔ་བརྒྱ་ཡོད་པ་ལ་འཕྲིན་འདི་ཇི་སྐད་ཟེར་བ་ཡིན་དྲིས་པས། སྒྲ་དེ་ཤེས་པ་གཅིག་ཀྱང་མ་བྱུང་། དེར་རྒྱལ་པོས་སྨྲས་པ། པཎྜི་ཏ་འདི་ཙམ་གྱི་ནང་ནས་མི་ཤེས་པ་མི་སྲིད་པས། སང་ཚུན་ཆོད་ལ་མི་སྨྲ་ན་ཐམས་ཅད་གསོད་དོ་ཞེས་ཟེར་རོ། །དེའི་དུས་སུ་དེ་རྣམས་ཀྱི་ནང་ནས་པཎྜི་ཏ་གཅིག་གི་བསམ་པ་ལ། པཎྜི་ཏ་ལྔ་བརྒྱའི་ནང་ནས་