R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༥༩བ
[A:༡༥༩བ]ཏན་བསམ་གྱིས་མི་ཁྱབ་སྟེ། གདུང་བརྒྱུད་ཐམས་ཅད་ཀྱི་ནང་ན་འདི་ཉིད་མཆོག་ཏུ་གྱུར་པས་རྣམ་ཐར་རྒྱས་པ་གཞན་དུ་ཤེས་པར་བྱ་ལ། འདིར་མདོར་བསྡུ་ན། རང་དོན་དང་གཞན་དོན་གྱི་ཡོན་ཏན་ནོ། །དང་པོ་ལ་ལུང་དང་རྟོགས་པའོ། །ལུང་ལ་ཐུན་མོང་བ་ནི། གཞོན་ནུ་ཉིད་ནས་ཀློག་དང་ཡིག་རྩིས། བཟོ་དང་གསོ་དཔྱད། ལུགས་ཀྱི་བསྟན་བཅོས་སོགས་ལ་ཤིན་ཏུ་མཁས་པས་ཀུན་གྱིས་ཡ་མཚན་དུ་འཛིན་ནོ། །ཐུན་མོང་མ་ཡིན་པ་ནི། བ་རི་ལོ་ཙཱ་བའི་ཞལ་ནས། ཁྱེད་ཇོ་སྲས་ཀྱི་བྱ་བ་སློབ་གཉེར་བྱེད་དགོས། དེ་ལ་ཤེས་རབ་དགོས། དེའི་ལྷ་འཕགས་པ་འཇམ་དཔལ་ཡིན་པས་འཇམ་དབྱངས་ཨ་ར་པ་ཙ་ན་འདི་སྒྲུབས་གསུངས་ནས་རྗེས་གནང་མཛད། འཇམ་དབྱངས་བྲག་ཕུག་ཏུ་སྒྲུབ་པ་ཟླ་དྲུག་མཛད་པས་ཞལ་མངོན་སུམ་དུ་གཟིགས་ནས། འཇམ་དབྱངས་ཀྱི་ཐུགས་ཀ་ནས་རལ་གྲི་བདུན་བརྒྱུད་གཅིག་བྱོན་ཐུགས་ཀར་ཐིམ། དེ་བླ་མ་ལ་ཞུས་པས། ཁྱེད་ཀྱི་བརྒྱུད་པ་འདི་ལ་འཇམ་དབྱངས་བདུན་བརྒྱུད་