R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༥༩བ
[A:༡༥༩བ]གཙུག་ན་རིན་ཆེན་གྱི་ཕོ་བྲང་སྟེང་ན་ཡོད་པས་དཔལ་འབྱོར་ཕུན་སུམ་ཚོགས་པ་འབྱུང་ཡང་། ཕྱིས་བློ་རྩིངས་པའི་སྐྱོན་འོངས་ཉེན་ཡོད་པས། ངའི་ཕུང་པོ་མ་ཉམས་པ་འདི་གྲོག་པོ་འགོ་ལྟུམ་འདིའི་ཡ་སྣར་མཆོད་རྟེན་བརྩིགས་ལ་ཞོག་གསུངས་པ་དང་མཐུན་པར། རྩིས་མཁན་གྱིས་ཀྱང་གཤེགས་རྫོང་གི་ཆོས་འཁོར་དང་། གདན་ས་བསྐོ་བ་དང་། ཕྱི་རྟེན་བརྩིགས་པ་རྣམས་དུས་མཉམ་ན་གྲུབ་ན་དར་རྒྱས་ཕུན་སུམ་ཚོགས་པ་འབྱུང་ཞེས་ལུང་བསྟན་པ་བཞིན་དུ་ཡུམ་ན་རེ། ཐོག་གཅིག་ལ་གདན་ས་གཞན་གཅིག་མ་བཙལ་ན། ཇོ་སྲས་ཀྱི་སློབ་གཉེར་ལ་གནོད་ཟེར་ནས། བ་རི་ལོ་ཙཱ་བ་གཡུ་མཁར་མོ་ན་བཞུགས་པ་གདན་དྲངས་ནས་གདན་སར་བསྐོ་བ་དང་། འཕྲང་བྲག་དམར་གཉིས་ཀྱི་དགེ་འདུན་བསགས་ནས་ཆོས་འཁོར་བྱེད་པ། ཞལ་ཆེམས་དང་མཐུན་པའི་ཕྱི་རྟེན་བཞེངས་པ་རྣམས་ཉིན་གཅིག་ལ་བསྒྲུབས་པས་ཕུན་ཚོགས་ཀྱི་འགྲམ་ཐམས་ཅད་ཐིངས་སོ། །བླ་མ་འདི་ལ་སྐུ་ཆེ་བའི་ཡོན་