R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༥༤བ
[A:༡༥༤བ]མཇལ་བས་བཀའ་བཀྱོན་བྱུང་། རྒ་ལོ་ཁྲོས་ནས་དཀར་ཡོལ་ས་ལ་བརྡབས་པས། གྲལ་གང་གི་ཕོར་པ་ས་ལ་ལྷུང་། དེ་ལ་སོགས་པའི་རྫུ་འཕྲུལ་དུ་མ་བསྟན་ནས་ཁམས་སུ་བྱོན་པས་ལོངས་སྤྱོད་ཆེན་པོ་བྱུང་ཞིང་། བསྟན་པ་དང་སེམས་ཅན་གྱི་དོན་ཕྱོགས་མེད་དུ་རྒྱས་པར་གྲགས། དེ་ལྟ་བུའི་རྒ་ལོ་ཉིད་ཀྱིས་ནོར་སྐྱོང་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་གྱི་རྗེས་གནང་། དེའི་རྒྱུད་གསང་བ་སྙིང་གི་འཁོར་ལོ། སྒྲུབ་ཐབས་བཻ་རོ་ཙ་ནས་མཛད་པ། གཞན་ཡང་བསྙེན་སྒྲུབ་ལས་གསུམ་ཞལ་གདམས་ཀྱི་མན་ངག་ཐོར་བུ་བ་དུ་མ་དང་བཅས་པའི་ཆོས་སྐོར་རྫོགས་པར་མཁས་པ་བཻ་རོ་ཙ་ན་ལས་ཇི་ལྟར་གསན་པ་བཞིན་དཔལ་བརྩེ་བ་ཆེན་པོ་ཉིད་ལ་ཕུལ་ཞིང་། དེ་ནས་ད་ལྟའི་བར་དུ་བརྒྱུད་པ་བར་མ་ཆད་པར་དར་རྒྱས་སུ་བཞུགས་པ་བཞིན། ཁོ་བོ་ཅག་གིས་ཀྱང་རྗེས་གནང་ནོས་ནས་རྒྱུན་རིང་ལོན་པའི་རྗེས་སུ་དོན་གཉེར་དང་རྩོལ་བ་ཆེར་བྱས་ནས་འདིའི་རྒྱུད་དང་། མན་ངག་གི་ཡི་གེ་