R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༥༥ན
[A:༡༥༥ན]གསར་རྙིང་ཡོངས་སུ་རྫོགས་པ་ནོས་པ་ལགས། འཁོན་ས་སྐྱ་པའི་བཀའ་སྲུང་དཀར་བདུད་ལྕམ་དྲལ་ཕུར་སྲུང་བཅུ་གཉིས་དང་བཅས་པའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ནི། བོད་འདིར་བསྟན་པ་སྔ་དར་གྱི་དུས་སུ་སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་ཀྱི་དངོས་སློབ་འཁོན་སྟོན་ཆེན་པོ་ཀླུའི་དབང་པོ་དང་། གཅུང་རྡོ་རྗེ་རིན་ཆེན་གཉིས་ཀྱིས་ཆོས་སྐྱོང་དཀར་མོ་ཉི་ཟླ་ལྕམ་དྲལ་དང་ཕུར་སྲུང་མ་མོ་སྡེ་གསུམ་གྱི་མན་ངག་རྣམས་སློབ་དཔོན་ཉིད་ལ་གསན་ཏེ། ཀླུའི་དབང་པོས་ཡེར་བའི་བྲག་ལ་སྒྲུབ་པ་མཛད་པས་གྲུབ་པ་བརྙེས་ཏེ། མཁས་གྲུབ་ཀྱི་གྲགས་པ་ཆེར་བྱུང་། གཅུང་རྡོ་རྗེ་རིན་པོ་ཆེས་ཀྱང་སྒྲུབ་པ་མཛད་པས། ཡི་དམ་ལྷའི་ཞལ་གཟིགས་ཤིང་གྲུབ་པ་ཐོབ་སྟེ་མཚན་གྲགས་ཐོན། དེ་ནས་འཁོན་ཤེས་རབ་ཡོན་ཏན་ནས་བཟུང་། འཁོན་རོག་ཤེས་རབ་ཚུལ་ཁྲིམས་དང་། འཁོན་དཀོན་མཆོག་རྒྱལ་པོ་སྐུ་མཆེད་ཀྱི་བར་དུ་བྱོན་པའི་འཁོན་སྟོན་གོང་མ་