R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༥༢བ
[A:༡༥༢བ]ཏེ། འདིར་སྡོད་ངས་ཆོས་དང་འཚོ་བ་གཉིས་ཀ་བྱ་ཟེར་བས་བོད་སྙམ་པོ་ལ་ཉན་པ་མི་ཡོང་། པཎྜི་ཏ་གཅིག་ལ་ཉན་བསམས་ཏེ་བྱོན་ནས་རྒྱ་གར་ན་སུ་མཁས་དྲིས་པས། ཨ་བྷ་ཡ་མཁས་ཟེར། དེར་འགྲོ་བསམ་པས། པཎྜི་ཏ་གཅིག་མདོ་ལི་ལ་བཏེག་བྱུང་བས། སུ་ཡིན་དྲིས་པས་ཨ་བྷ་ཡ་ཡིན་ཟེར། གར་བཞུད་བྱས་པས། ཙ་མི་ལ་ཆོས་ཉན་དུ་བཞུད་ཟེར། འོ་ན་མི་ཕན་པ་འདུག་སྙམ་ཁོང་ཅན་ཕྱིན། དབང་ཞུས་དུས་འཁོར་ཚར་གཅིག་གསན། རྡོ་རྗེ་གདན་གྱི་མཆོད་ཁང་དུ་སྦྱོར་དྲུག་བསྒོམས་པས། མཚན་མོའི་རྣལ་འབྱོར་རྫོགས་མཐོང་ལམ་སྐྱེ་ལ་ཁད་པར་སོང་བ་དང་། འཛིམ་ལོས་ཀྱལ་ག་བྱས་ཏེ། རྒ་ཆུང་པ་བྱས་པས་སྐད་མ་བྱུང་། ཁྱོད་དང་སྐད་མི་སྟེར་འདུག་སྟེ། མ་ག་ཏ་ཐམས་ཅད་དུ་རུ་ཀས་ཁེངས་པས། ངེད་ཐམས་ཅད་འབྲོས་གྱིན་ཡོད་དོ་བྱས་པས་སྙིང་སྔངས་ཏེ། ང་འབྲོས་སྒོ་ཕྱེ་ཟེར། ཀུ་རེ་ཡིན་བྱས་ཀྱང་མ་ལོ། ཙ་མིས་ཁྱེད་