R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༥༢ན
[A:༡༥༢ན]ཇི་ལྟར་བྱུང་བའི་ཚུལ་ནི། སྔོན་ཁམས་པ་རྒ་ལོར་གྲགས་པ་ཁམས་ཨཾ་ཚངས་པ་ཞེས་པའི་བརྒྱུད་པ་ཁུངས་བཙུན་པའི་རིགས་སུ་འཁྲུངས་ནས། དེར་ཁོང་དལ་འབྱོར་དོན་ཡོད་བྱ་བསམས་ཏེ། དབུས་གཙང་ན་བསྟན་པ་ཡོད་ཟེར་འོངས་པས། དེའི་དུས་ན་ཤ་ར་བ་གྲགས་ཆེ་བས་གདམས་ངག་ཞུས་པས། མི་རྟག་པ་བསྟན། དེ་ལ་ཁོང་ན་རེ། དེ་གོ་ནས་ཆོས་བྱེད་པ་ཡིན་མོད། དེ་བས་ཟབ་པ་གཅིག་མེད་དམ་ཞུས་པས། མེད་གསུངས། འདི་ལ་ཆོས་རྗེ་པའི་གསུང་གིས། ཤ་ར་བ་ཁོང་བཤད་པ་བྱེད་ཙ་ན། ཤེས་རབ་ཅན་སྒྲོག་ཏུ་མི་གཞུག དད་པ་ཅན་གཡང་ལ་མི་སྐྱུར་བའི་འུད་ཡོད་དེ། རྒ་ལོ་ལ་བདག་གཞན་བརྗེ་བ་ཞིག་སྟོན་ཐང་པ་ལ་གསུངས་ཤིང་། ཤ་ར་བའི་དྲུང་དེར་གཙང་ཕྱོགས་པའི་དགེ་བཤེས་དྲག་པ་ཚོ་འང་འདུག་པས། དེ་རུ་ཕྱིན་ཀྱང་མེད་ངེས་སྙམ་སྟེ་རྒྱ་གར་དུ་བྱོན་པས། ཉང་སྟོད་རྩ་མི་ལོ་ཙཱ་བ་དང་མཇལ། ཁོང་ཡང་བོད་བྱུང་བས་དགྱེས་