R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༥༣ན
[A:༡༥༣ན]རང་ཁ་འགྲས་པའི་ཀུ་རེ་ཡིན། འཇིགས་ན་ངེད་ཀྱིས་ཀྱང་ཆོས་འདིར་བཤད་ཀྱི། བར་ཆད་ཡིན་བྱས་པས། བར་དུ་བཅད་ཟིན་ངའི་སྙིང་འགས་པར་འདུག་གོ་སྒོ་ཕྱེ་ཟེར་སྒོ་བརྡུངས། དེར་ཕྱེ་བས་སྨྱོ་ནས་ཙཱ་མི་དཔོན་གཡོག་པོ་མི་སོད་ལ་བཀོད། དགོང་གཅིག་བྲོས་བདས་པས་ཀྱང་མ་ཟིན། ནངས་པར་བཙལ་བས་ལྷ་ཁང་གཅིག་གི་ནང་དུ་དབང་ཕྱུག་གི་རྟེན་གཅིག་གི་ཕྲག་གོང་ན་སྒོམ་དུ་སོང་འདུག ཅི་ཡིན་བྱས་པས། མདང་འདིར་འོངས་འདུག འཇིགས་པ་སྙམ་བྱེད། དེར་འཇིགས་རྒྱུ་མེད། འཇིག་རྟེན་ན་ཆེ་བ་དབང་ཕྱུག་ཆེན་པོ་ཡིན་ཏེ། ངའི་ཡི་དམ་དུས་འཁོར་གྱི་གདན་ན་ཡོད་པ་ཡིན་སྙམ་སྟེ་འཛེགས་པས་འདིར་ཐར། དེར་སྒོམ་དུ་སོང་འདུག་ཟེར། དེར་རྒྱ་གར་ན་གདམ་ངག་སུ་ཆེ་ཟེར་བ་ལ་དྲིས་ཀྱང་མ་ཕན། དེ་ནས་རྩ་མིའི་གསུང་གིས། ད་ཁྱོད་ཀྱི་འདི་ལ་རྒྱ་གར་ན་ནི་ཕན་པ་མི་འདུག བོད་ན་བླ་མ་ས་སྐྱ་པ་བྱ་བ་རྣལ་འབྱོར་དབང་ཕྱུག་