R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༥༠བ
[A:༡༥༠བ]མགོན་པོ་འདིའི་མན་ངག་གི་བཞུགས་ཚུལ་གྱི་ཁོག་ཁྲིགས་བླ་མ་གོང་མ་རྣམས་ཀྱི་གསུང་ལས་འབྱུང་བ་བཞིན་ཅུང་ཟད་བརྗོད་ན། འདི་ལ་བརྒྱུད་པ་རྣམ་པར་དག་པ་གསུམ་ལས་འོངས་པའི་གདམས་ངག་གི་སྲོལ་གསུམ་ཡོད་དེ། པཎྜི་ཏ་འབུམ་ཕྲག་གསུམ་པ་ནས་བརྒྱུད་པ་དང་། ཤྲཱི་པཎྜི་ཏ་ཏ་ཐཱ་ག་ཏ་རཀྵི་ཏ་ལས་བརྒྱུད་པ་དང་། ཁརྶ་པཱ་ཎིའི་རི་སུལ་གྱི་རྣལ་འབྱོར་མ་ཀུ་སཱ་ལི་ཆེན་མོ་ནས་བརྒྱུད་པ་དང་གསུམ་གྱི་དང་པོ་ནི། མགོན་པོ་གདོང་གཉན་ཅན་ནམ་ལས་སྦྱོར་གྱི་མགོན་པོར་གྲགས་པ་དེ་ཉིད་དེ། འདིའི་མན་ངག་གི་སྐོར་རྣམས་ཡིན་ལ། གཉིས་པ་པཎྜི་ཏ་འབུམ་ཕྲག་གསུམ་པ་ནས་བརྒྱུད་པ་ནི། བདག་མདུན་མགོན་པོ་ཞལ་ཁྲ་ཅན་ནམ་སྒྲུབ་དུས་ཀྱི་མགོན་པོར་གྲགས་པ་ལ་བྱེད་ཅིང་། ལས་བཞི་བྱེ་བྲག་སྒྲུབ་ཚུལ་ཤིན་ཏུ་ཟབ་པ་ཞིག་སྣང་བས། འདིའི་སྐོར་གྱི་ཡི་གེ་རྣམས་ཡིན་ཞིང་། གསུམ་པ་རི་སུལ་གྱི་རྣལ་འབྱོར་མ་ལས་བརྒྱུད་པ་ལ། ཟབ་ཅིང་རྒྱ་ཆེ་བ་ཕྱིའི་སྒྲུབ་སྐོར། རྡོ་