R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༥༠ན
[A:༡༥༠ན]པ་དེ་ཉིད་དང་། ས་སྐྱ་པའི་བསྟན་འཛིན་ངོར་ཕྱོགས་ནས་བརྒྱུད་པའི་མགོན་པོའི་ཆོས་སྐོར་གྱི་པོ་ཏི་སེར་པོད་དུ་གྲགས་པའི་ནང་ན་ཡང་། འདིའི་མན་ངག་གི་ཡིག་སྐོར་མཐའ་ཡས་པ་ཞིག་བཞུགས་ཤིང་། ཡང་རྫོང་ཕྱོགས་ཀྱི་ས་སྐྱ་པའི་བསྟན་འཛིན་རྣམས་ལས་བརྒྱུད་པའི་ཞལ་བཞི་པའི་མན་ངག་གི་སྐོར་གྱི་པོ་ཏི་ལ། མུས་སྲད་པ་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པའི་དཀར་ཆག་དང་བཅས་པ་བཞུགས་པ་དང་། དུས་ཕྱིས་རྗེ་བཙུན་ས་སྐྱ་པའི་སྙན་བརྒྱུད་ཀྱི་མན་ངག་ཀུན་གྱི་བཀའ་བསྡུ་བ་པོ་ལྟ་བུར་གྱུར་པ་མཁས་པའི་དབང་པོ་ཚར་ཆེན་བློ་གསལ་རྒྱ་མཚོས་ཆོས་སྐྱོང་འདིའི་ཆོས་སྐོར་རྣམས་མཁས་གྲུབ་ཀྱི་བླ་མ་བདུན་ལས་ནོས་ཏེ། འདིའི་མན་ངག་གི་སྐོར་ཟབ་དགུ་དེ་དག་འཁྲུགས་པ་དང་འཐོར་བའི་སྐྱོན་སྤངས་པའི་ཕྱིར། དཀར་ཆག་གི་ཡི་གེ་ཁྱད་པར་ཅན་མཛད་པ་སོགས་ལུགས་འདིའི་ཆོས་སྐོར་གྱི་ཡི་གེ་པོ་ཏི་ལོངས་པ་དང་། སིལ་བུར་བཞུགས་པ་སོགས་དུ་མ་ཞིག་སྣང་ཞིང་།