R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༩བ
[A:༡༤༩བ]རྒྱས་བྱེད། དམར་པོ་དབང་བསྡུད། དྲག་པོ་བགེགས་འཇོམས་རྣམས་དང་། གཞན་ཡང་སྤོགས་ཆོག་གི་མགོན་པོ། གནད་དབབ་ཀྱི་མགོན་པོ། ཤི་ས་བསྟན་པའི་མགོན་པོ་སྟེ། དེ་རྣམས་ལ་རྗེས་གནང་མི་འདྲ་བ་རེ་རེ་དང་། བྲམ་ཟེ་སྔགས་གཏད་དུ་གྲགས་པའི་ཟབ་མོའི་མཐར་ཐུག་དེ་ཉིད་སོགས་ནུས་ལྡན་དུ་བྱ་བའི་རྗེས་གནང་གི་སྐོར་མང་པོ་དང་། མན་ངག་གི་སྐོར་ལ་བདག་ཆེན་བློ་གྲོས་རྒྱལ་མཚན་གྱིས་དཀར་ཆག་གི་ཐེམ་ཡིག་མ་མཛད་ཀྱང་། ཆོས་སྐྱོང་འདིའི་སྐོར་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པའི་ཕྱག་དཔེའི་བཞུགས་བྱང་གི་མཇུག་ན། རང་ལ་མ་དྲིས་པར་གཞན་གྱིས་མན་ངག་བརྐུས་པ་དང་། པོ་ཏི་འདི་ཕྲལ་བ་སོགས་བྱུང་ན་དཔལ་མགོན་གཉན་པོས་མ་ཐོགས་པར་ཆད་པ་ཆོད་ཅིག འཁོན་ས་སྐྱ་པ་བློ་གྲོས་ཀྱི་ཟབ་ཆོས་ཏེ། ཀུན་གྱི་ཐུན་མོང་མ་ཡིན་ནོ། །ཞེས་པའི་ཕྱག་ཡིག་འདེབས་པར་མཛད་པའི་པོད་ཆུང་དུ་ལོངས་པ་ཙམ་བཞུགས་