R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༩ན
[A:༡༤༩ན]སྣང་གི་སྐུ་དེ་ཉིད་འཇའ་འོད་ཀྱི་རྣམ་པས་སྒྲུབ་ཁང་གི་བྲག་སྐྱིབས་ལ་ཐིམ་པས། དུས་དིང་སང་གི་བར་དུ་ཁའུ་བྲག་རྫོང་གི་གཙུག་ལག་ཁང་ན་ཙ་ཏུརྨུ་ཁ་དངོས་སུ་བཞུགས་པར་གྲགས་ཤིང་། བྲིས་སྐུ་དེ་ཡང་བླ་མ་གནམ་གྱི་ཞལ་གཟིགས་མར་གྲགས་པ་ད་ལྟ་ཡང་བྲག་སྒོ་རང་ན་བཞུགས་སོ། །རྗེ་བཙུན་གནམ་ཁའུབ་པ་དེ་ཉིད་ཀྱི་དྲུང་དུ་བརྩེ་བ་ཆེན་པོ་དཔལ་ལྡན་ས་སྐྱ་པ་ཀུན་དགའ་སྙིང་པོས། ཆོས་སྐྱོང་འདིའི་རྗེས་གནང་། མན་ངག་སོགས་ཆོས་སྐོར་རྫོགས་པར་གསན་ཅིང་རྗེས་གནང་ཙམ་ནི་གཉན་ལོ་ཙཱ་བའི་དྲུང་དུའང་གསན་པར་མཛད་ལ། སྤྱིར་མགོན་པོ་འདི་ལ་ཕྱི་བྲམ་ཟེ་ལྟར་སྒྲུབ་པ། ནང་ཞིང་སྐྱོང་ལྟར་སྒྲུབ་པ། གསང་བ་སྟོབས་འཕྲོག་དབང་པོ་ལྟར་སྒྲུབ་པ་དང་གསུམ་དུ་ཡོད་ཅིང་། ཕྱི་མ་ལ་ཡང་བསྙེན་དུས་ཀྱི་མགོན་པོ། སྒྲུབ་དུས་ཀྱི་མགོན་པོ། ལས་སྦྱོར་གྱི་མགོན་པོ། ལས་བཞི་སོ་སོའི་མགོན་པོ་ལ། དཀར་པོ་ཚེ་འཕེལ། སེར་པོ་