R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༨
[A:༡༤༨]པ་ཞིག་འཚལ་ཞེས་གསོལ་བ་བཏབ་པས། བླ་མ་དེ་སྐད་མི་གསུངས་པ་ཞུ། ངེད་རང་གཉིས་ཀ་ལ་མི་ལེགས་གསུངས་པ་ལ་སླར་གསོལ་བ་བཏབ་པས། ང་དམ་ཚིག་བསྲུང་དུ་ཆུག སྔོན་རི་སུལ་གྱི་རྣལ་འབྱོར་མའི་བཀའ་བཞིན་བླ་མ་གཉན་གྱི་ཕྱག་ཕྱི་བྱས། ད་ཡང་བླ་མ་གཉན་གྱི་བཀའ་བཞིན་ཁྱེད་ནམ་གཤེགས་བར་ཕྱག་ཕྱི་བྱས་མཐར་རྒྱ་གར་ལ་འགྲོར་ཆུག་གསུངས། སླར་ནན་གྱིས་གསོལ་བ་བཏབ་པས། དེས་ན་བླ་མ་རང་སྐྲག་པའི་སྣང་བ་ཅུང་ཟད་མ་སྐྱེས་པ་མཛོད་གསུངས་ནས་ཞལ་བཞི་ཡོངས་རྫོགས་ཀྱི་ཞལ་གཟིགས་ཤིང་། སྐུ་ནམ་མཁའི་ཁམས་ཁྱབ་པ་ཞིག་སྤྲུལ་པ་དང་། ཟིལ་ཆེ་བས་བླ་མ་ཅུང་ཟད་ཅིག་བདེ་སྟོང་གི་ངང་དུ་རྟོག་མེད་དུ་གྱུར། དེ་ལས་སངས་ཏེ་གཟིགས་པས་ཆོས་སྐྱོང་གི་སྐུ་སྔར་བཞིན་འདུག་པ་དང་། ཤངས་མཚལ་ཅུང་ཟད་བྱུང་བའི་རྐྱེན་གྱིས་ཤངས་མཚལ་གྱི་རས་ལ་སྐུ་དེ་ཇི་ལྟ་བ་བཞིན་གཡས་དཀར་གཡོན་དམར་ཡོད་པ་བྲིས་ཚར་མཚམས་གཟིགས་