R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༨ན
[A:༡༤༨ན]ཡོད་པས། དེའི་དྲུང་དུ་སོང་ལ་ང་ལ་ཇི་ལྟར་བྱེད་པ་བཞིན་ཁོང་གི་གཡོག་ཚུལ་བཞིན་དུ་གྱིས་ལ། ཁོང་མྱ་ངན་ལས་འདས་པ་དང་རྒྱ་གར་འཕགས་པའི་ཡུལ་དུ་གཤེགས་ཤིག ཅེས་བཀའ་གནང་བ་དང་། བཀའ་བཞིན་གནམ་ཁའུབ་ཏུ་བྱོན་ནས་བླ་མ་གནམ་གྱི་ཉེ་གནས་མཛད་དོ། །དེ་ནས་དུས་རིང་ཞིག་ལོན་པ་དང་། ཞིང་སྐྱོང་ཆེན་པོ་འདི་ཉིད་བོད་ཁ་བ་ཅན་འདིར་བསྟན་པ་བསྲུང་བར་བཞུགས་པའི་རྟེན་འབྲེལ་གྱིས། ཉིན་གཅིག་ཁ་བ་བུ་ཡུག་འཚུབ་པ་ཞིག་དང་བསྟུན་གསོལ་ཆུ་འཆུ་བའི་སྐྱོགས་རི་འགྲམ་གྱི་ཆུ་ཁར་ལུས་པ། ཁའུའི་བྲག་རྫོང་གི་རྩེའི་སྒྲུབ་ཁང་གི་དཀར་བསང་ནས་ཕྱག་རིང་བརྐྱངས་ནས་བཞེས་པ། བླ་མ་གནམ་གྱིས་གཟིགས་པས། ཁྱོད་ལ་གཞན་ལས་རྩལ་ཆེ་ཞིང་རྫུ་འཕྲུལ་དུ་མ་སྟོན་པ་ཞིག་འདུག་པ་དང་། ཁྱད་པར་ད་ལན་གྱི་རྫུ་འཕྲུལ་གྱིས་སྐྱོགས་ལེན་ལུགས་དེ་བཞིན་ངོ་མཚར་ཆེ་བས་སྤྲུལ་པ་ཡིན་ངེས་སུ་འདུག་པས། སྐུ་དངོས་སུ་སྟོན་