R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༥བ
[A:༡༤༥བ]པོ་ཡང་ཆགས་ཆེ་བས་འཁྲུལ་ནས་བདེན་དུ་རུང་སྙམ། བློན་པོ་དཔའ་རྩལ་དང་ལྡན་པ་རྟ་པ་སུམ་ཅུ་བླ་མ་འགྲོང་དུ་བཏང་པས། བླ་མའི་མནལ་ལམ་དུ་རྒྱལ་པོས་བརྫངས་པའི་བློན་པོ་སྡིག་ཅན་རྣམས་ཡོད་པར་མཁྱེན་ཏེ། ཚོང་པ་རྣམས་ལ་ཕྱེ་ཕུད་སྡུས་ཤིག ངེད་རང་ཚོ་ལ་བར་ཆད་ཅིག་འོང་བར་འདུག་པས་ཆོས་སྐྱོང་ལ་གཏོར་མ་ཆེན་པོ་གཏོང་དགོས་པ་འདུག་གསུངས་གཏོར་མའི་རྒྱུ་ལ་སྤོས་འབྲུ་སྨན་སོགས་བཏབ་ནས་ཕུལ། ཞིང་སྐྱོང་ཆེན་པོ་ཙ་ཏུརྨུ་ཁ་འདི་ལ་གསོལ་བ་བཏབ་པས། སྔགས་བཟླས་པ་ཙམ་གྱིས་ཚོང་པ་རྣམས་ཀྱི་མཐོང་སྣང་ལ་མོན་པ་སྔོན་པོ་ལྔ་གར་བྱེད་པ། བྲོ་བྱེད་པ་གཉིས། གྲི་སྐོར་བྱེད་པ་གཉིས། ཇོ་མོ་ཞྭ་ཐེབས་ཅན་གཅིག འཁོར་བཀའ་སྐྱོང་མང་པོ་བྱུང་བ་མཐོང་སྐད། དེ་ནས་རླུང་ནག་འཚུབ་མས་མཐའ་བསྐོར། བླ་མ་དཔོན་སློབ་དབུས་སུ་བཅུག་ནས་བྱོན་པས། བློན་པོ་རྣམས་ཀྱི་མཐོང་སྣང་ལ། རླུང་ནག་འཚུབ་མའི་གསེབ་