R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༥ན
[A:༡༤༥ན] ང་བོད་ཀྱི་ལྷ་འདྲེ་གདུག་པ་ཅན་འདུལ་བ་སོགས་ལ་མངགས་པར་འོང་ཟེར་བ་ལ། བླ་མས་ཀྱང་དེ་བཞིན་དུ་གནང་སྟེ། དེ་ནས་བན་ཆུང་ཉེ་གནས་ཀྱི་ཚུལ་དུ་མཛད་ནས་བྱོན་པས། མངའ་བདག་བཙན་ལྡེའི་བསམ་པ་ལ། ང་རྒྱལ་པོ་ཡང་ཡིན། མངའ་རིས་སྟོད་ན་ང་ལས་གྲགས་ཆེ་བ་དང་། དབང་སྟོབས་ཆེ་བ་མེད་པས། ལོ་ཙཱ་བ་ང་ལ་མཇལ་དུ་འོངས་ནས་ཕྱག་འཚལ་ཐང་སྙམ། བླ་མ་གཉན་གྱི་ཐུགས་དགོངས་ལ། ང་རྒྱ་གར་གྱི་གྲུབ་ཐོབ་རྣམས་ཀྱི་སློབ་མ་ལོ་ཙཱ་བ་ཡིན། ཁྱད་པར་རྡོ་རྗེ་གདན་པ་བླ་མ་པནྡྲེ་པ་རིན་ཆེན་གྲགས་པ། མར་མེ་མཛད་བཟང་པོ་རྣམས་ཀྱི་ཆོས་རྒྱུད་འཛིན་པ་ཡིན་པས། བཙད་པོས་ང་ལ་ཕྱག་དང་སྣ་ལེན་སོགས་བྱེད་ཐང་སྙམ་ནས། བླ་མས་ཚོང་པ་མང་པོ་དང་འགྲོགས་ནས་བྱོན་དུས་མངའ་བདག་ལ་རྒྱ་གར་ནས་ཕྲ་མ་བྱུང་སྟེ། གཉན་ལོ་ཟེར་བ་འདིས་རྒྱ་གར་གྱི་ངན་སྔགས་ཐམས་ཅད་བསླབས་ནས་སོང་པས། དེར་ཤ་མ་མི་བྱེད་དོ་ཟེར་བ་དང་། རྒྱལ་