R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༤ན
[A:༡༤༤ན]དཔའ་བོ་མཁའ་འགྲོ་དང་། རྣལ་འབྱོར་ཕོ་མོ་ལུགས་མི་འདྲ་བ་དུ་མ། ཞིང་སྐྱོང་བཀའ་སྡོད་བསམ་གྱིས་མི་ཁྱབ་པ་འདུས་ནས་གྲལ་ལ་འཁོད་ཅིང་ཚོགས་ཀྱིས་ཚིམ་པར་བྱས་པས་མཉེས་ཏེ་དབང་བསྐུར་ཡོངས་སུ་རྫོགས་པར་གནང་། དེ་ནས་ཚོགས་གྲལ་དེའི་ཁྲོད་ནས་གྲུབ་ཐོབ་བརྒྱད་ཅུ་རྩ་ལྔ་བྱོན་ནས། ལོ་ཙཱ་བ་ཁྱོད་དངོས་གྲུབ་གང་འདོད་གསུངས། དེ་དུས་དངོས་གྲུབ་གང་འདོད་ཞུས་པས་འོང་བ་ལ། ལོ་ཙཱ་བ་ཐུགས་ཅུང་ཟད་ཞུམ་ནས་གཞན་ཞུ་མ་སྤོབས། བདག་བོད་དུ་གཙུག་ལག་ཁང་མང་པོ་བཞེངས་པས། དེ་རྣམས་སུ་ཆོས་སྐྱོང་རེ་ཞུ་ཞུས། གྲུབ་ཐོབ་ཀུན་བཞད་གད་མཛད་ཅིང་། སོ་སོའི་ཆོས་སྐྱོང་རེ་རེ་གནང་ནས་ལོ་ཙཱ་བའི་གཡོག་བྱེད་པར་བཀའ་བསྒོས། དེ་ནས་སླར་ཡང་རྣལ་འབྱོར་མའི་དྲུང་དུ་གདམས་པ་རྒྱ་མཚོ་ལྟར་གསན་ཅིང་ཐུན་མོང་མ་ཡིན་པའི་གདམས་པ་ལྔ་གནང་སྟེ། ཐུགས་དམ་དུ་གསང་བ་འདུས་པའི་གདམས་པ། ཨུཥྞི་ཥ་