R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤ན
[A:༡༤ན]ལམ་ལ་འཇུག་བྱེད་པ། །དཔེར་ན་གསལ་བའི་མིག་ཐོབ་ནས། །རབ་རིབ་སྐྱོན་གྱིས་བགོས་པ་བཞིན། །དགེ་སློང་ཁྱོད་ནི་དེ་ལྟ་བུའོ། །ཞེས་སྨྲས་པས། དགེ་སློང་དེ་ལྷག་པའི་བསམ་པ་དང་ལྡན་པས་འོ་ན་ད་ནི་བདག་གིས་ཅི་ཞིག་བགྱི་ཞེས་གསོལ་བ་དང་། དེ་བཞིན་གཤེགས་པའི་དགེ་སློང་དེས་གསུངས་པ། དེ་བཞིན་གཤེགས་པ་ནི་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཡིན་པས་དེའི་སྤྱན་སྔར་བཤགས་པ་དང་གསོ་སྦྱོང་ལ་སོགས་པ་གྱིས་ཤིག །ཅེས་གསུངས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་དགེ་སློང་དེས་དེ་བཞིན་གཤེགས་པའི་ཞབས་དྲུང་དུ་ཕྱིན་ནས་བཤགས་པ་དང་གསོ་སྦྱོང་བྱས་བདག་ཚེ་འདི་ཉིད་ཀྱིས་འབྲས་བུ་མཐར་ཕྱིན་པ་ཐོབ་པར་ལུང་བསྟན་དུ་གསོལ། ཞེས་ཞུས་པས། དེ་བཞིན་གཤེགས་པས་གསུངས་པ། ཁྱོད་རྟེན་ལོག་པ་ལ་སྐྱབས་སུ་སོང་བའི་མཐུས་སྐྱེ་བ་མང་དུ་བརྒྱུད་པའི་དབང་ཕྱུག་ཆེན་པོའི་བུ་