R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣བ
[A:༡༣བ]ཞིག་ཡོད་སྙམ་པས་ལྷོ་ཕྱོགས་ཀྱི་ནགས་ཚལ་ཞིག་ཏུ་སོང་ནས་གནས་པའི་ཚེ། དེ་ན་དབང་ཕྱུག་ཆེན་པོའི་རྟེན་གཅིག་ཡོད་པ་ལ་དགེ་སློང་དེས་ཞག་ཉི་ཤུ་རྩ་གཅིག་ཏུ་མཆོད་པ་དང་། སྐོར་བ་ལ་སོགས་པ་བྱས་ནས་གསོལ་བ་བཏབ་པའི་ཚེ། རྨི་ལམ་དུ་དབང་ཕྱུག་ཆེན་པོས་དགེ་སློང་ཁྱེད་བདག་གི་སྲས་སུ་གྱུར་ཏེ་འཇིག་རྟེན་འདི་ན་སྟོབས་ཆེ་བའི་དངོས་གྲུབ་སྦྱིན་ནོ་ཞེས་ལུང་བསྟན་ཏོ། །དེ་ནས་དེ་བཞིན་གཤེགས་པས་དགེ་སློང་དེ་དབང་ཕྱུག་ཆེན་པོ་ལ་སྐྱབས་སུ་སོང་ནས་ལམ་ལོག་པར་ཞུགས་པ་དགོངས་ཏེ། དེ་བཞིན་གཤེགས་པ་དགེ་སློང་གཅིག་ཏུ་སྤྲུལ་ནས་ནགས་ཚལ་དེར་དགེ་སློང་དེའི་མདུན་དུ་བྱོན་ནས། དགེ་སློང་ཁྱོད་འདིར་ཅི་ཞིག་བྱེད་ཅེས་གསུངས་པས། དེས་སྨྲས་པ། བདག་བཅོམ་ལྡན་འདས་ཀྱི་འཁོར་དུ་མ་ཆུད་ནས་དབང་ཕྱུག་ཆེན་པོ་ལ་སྐྱབས་སུ་སོང་བ་གཅིག་ཡིན་ནོ་བྱས་པས། སྤྲུལ་པའི་དགེ་སློང་གིས་སྨྲས་པ། ཡང་དག་ལམ་ནི་རྙེད་གྱུར་ནས། །འཁྲུལ་པའི་