R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༤བ
[A:༡༣༤བ]མོན་ཆུང་གི་རྐྱལ་འབུད་ཀྱི་གདམས་པའི་སྐོར་རྣམས་རྗེ་བཙུན་སྐུ་མཆེད་སོགས་ལ་གནང་ཞིང་། རྗེ་བཙུན་ཆེན་པོའི་སྐུ་རིང་ལ་གུ་ར་བའི་གཅེས་ཕྲུག་གཅིག་གིས་ཉེས་པ་མེད་པར་མོན་ཆུང་ཡང་ཡང་བརྡུངས་པས། རྗེ་བཙུན་ཆེན་པོའི་དྲུང་དུ་ངུ་ཞིང་འོངས་སྐད། ཁྱོད་ཅི་ཉེས་གསུངས་པས། ཁོས་ཞིབ་ཏུ་སྔར་གྱི་དེ་ཚོ་བཤད་དུས་རེ་ཞིག་ཏུ་སོང་བ་དང་གདམས་ངག་སྒྲུབ་ཀྱིན་ཡོད་ཙ་ན། རྗེ་བཙུན་ཆེན་པོའི་དྲུང་དུ་གཅེས་ཕྲུག་གི་ཕ་མ་འོངས་ནས། བྱིས་པ་སྦོས་ནས་འཆི་བར་གདའ་བ། མོན་ཆུང་གིས་ངན་ཐབས་བྱས་པ་འདྲ་བར་གདའ་བ་བཟོད་པར་གསོལ། ཕན་པའི་ཐབས་བྱིན་རླབས་ལ་འབྱོན་པར་ཞུ་བྱས་པས། དེར་རྗེ་བཙུན་གྱི་ཞལ་ནས། མོན་ཆུང་པུ་ཏྲ་དེ་ག་ན་འདུག་ལྟོས་དང་། དེ་ལ་ཐུག་ན་འཆི་གསུངས། འཚོལ་དུ་ཕྱིན་པས། མོན་འགོ་གྲོག་པོའི་ནང་ན་མི་ལག་གཡས་པ་གཅིག་ལ་སྦ་ལྕག་གཅིག་རྡེག་གིན་འདུག་པ་མཐོང་ནས། དེ་རྗེ་བཙུན་ལ་ཞུས་པས། ལག་པ་དེའི་དབུགས་ཟད་དམ་