R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༤ན
[A:༡༣༤ན]འཁྱམས་པ་བཞིན་བྱུང་སྟེ། བླ་མ་མལ་ལ་ཇོ་སྲས་སྐྱ་པ་ལ་ངའི་གཏད་གཉེར་གྱིས་ཤིག་ཟེར་ཞིང་། རེས་མི་དངོས་སུ་མཐོང་ཞིང་རེས་མི་མཐོང་པ། ཇོ་སྲས་ཀྱིས་གང་བསྒོས་ཀྱི་གཡོག་བྱེད་པ་གཅིག་བྱུང་། མིང་མོན་ཆུང་པུ་ཏྲར་བཏགས། གཟུགས་སྣང་དུས་གཡོག་གང་དགོས་བསྒྲུབས། མི་སྣང་དུས་ང་ལ་གཏོར་མ་ཞིག་སློངས་ཤིག་ཟེར་བ་བྱུང་། དེ་ནས་བླ་ཆེན་གྱིས་ས་སྐྱའི་གྲོག་པོ་ཤར་གྱི་ཕུའི་བྲག་ཕུག་ཏུ་གནས་ནས། གདན་ས་ཆེན་པོ་འདི་ཉིད་ཀྱི་འཇིག་རྟེན་རྗེས་གཅོད་ཀྱི་སྲུང་མ་བྱེད་པར་བཀའ་བསྒོས་ཏེ། ལོ་རེ་བཞིན་རྟེན་རྫས་གོས་ལྷམ་ཟུང་རེ་གནང་བ་ཞལ་གྱིས་བཞེས་ཏེ། དེའི་རྒྱུན་ད་ལྟ་ཡང་བཞི་ཐོག་གཉེར་ཁང་ནས་ཆོ་འཕྲུལ་ཟླ་བ་ཤར་རེ་བཞིན། རས་ཀྱི་ཕོ་གོས་གཉིས་དང་། མོ་གོས་ཆུང་ངུ་ལྷྭམ་དང་བཅས་པ་རེ་མོན་ཆུང་གནས་པའི་གྲོག་པོའི་མདོའི་མགོན་ཁང་དུ་རྒྱུན་པར་འབུལ་བ་འདི་ཡིན་ཞིང་། དེ་ནས་བླ་ཆེན་གྱིས་