R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༩བ
[A:༡༢༩བ]ལྔ་ཙམ་གྱི་བར་དུ་མཛད་པ་ཡིན་ཏེ། དེ་ཡང་ནང་ཚན་དུ་བཞི་ཐོག་ནས་ཉི་ཤུ་རྩ་ལྔ། ཤར་པས་ཉི་ཤུ་རྩ་ལྔ། ཁང་གསར་ཆེན་མོ་བས་ཉི་ཤུ་རྩ་ལྔ་སྟེ་ཡོངས་བསྡོམས་དོན་ལྔའི་བར་དུ་ཞལ་འཛིན་གནང་བ་དེའི་མཇུག་ཙམ་ནས། སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་སའི་བདག་པོ་བྱེད་པར་འདོད་ནས་སྡེ་འཁྲུགས་མང་དུ་བྱས་པ་ལ། ས་སྐྱའི་རྐང་འཛིན་དཔོན་ཆེན་དབང་བརྩོན་གྱིས་ཡར་ཀླུངས་སུ་ཁྲི་སྐོར་བཅུ་གསུམ་གྱི་དམག་ལན་མང་དུ་དྲངས་ཀྱང་། སི་ཏུ་བ་མ་ཐུབ་སྟེ་དབུས་ཀྱི་ཆ་ཕལ་ཆེར་ཁོང་གིས་བླངས། ཕྱིས་རྟ་ལོ་སི་ཏུ་བྱང་རྒྱལ་གྱི་དམག་དཔུང་ཆེན་པོ་ས་སྐྱར་དྲངས་ཏེ་ལྷ་ཁང་ཆེན་མོ་ལ་བསྐོར་རྒྱ་བྱས་ནས་སྤྲུལ་པའི་གཙུག་ལག་ཁང་དེ་ཉིད་ན་བཞུགས་པའི་དངུལ་གར་ལུགས་ལས་བྱས་པའི་རྟེན་གསུམ་ཐམས་ཅད་བཤིགས་ཏེ་མཛོ་ཁལ་ལྔ་བཅུ་དྲངས་པ་དང་། གཞན་ཡང་ཧོར་ཤེལ་ཁྱད་པར་ཅན་ལས་གྲུབ་པའི་མཆོད་ཆ་སོགས་ཁྱད་ནོར་རྟེན་གསུམ་ངོ་མཚར་བ། ས་རྒྱན་གནམ་རྒྱན་ལ་སོགས་པ་