R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༩ན
[A:༡༢༩ན]སུ་གཟིགས་སྣང་ལ་འབྱུང་གི་འདུག་པ་ནི། དབང་དྲག་གི་ལས་གཉིས་འབད་མེད་དུ་འགྲུབ་པའི་རྟགས་སུ་འདུག་ཅེས་རྗེ་ཉིད་ཀྱི་གསུང་ལས་ཐོས་པ་དང་། ཡང་དྲག་པོའི་འཕྲིན་ལས་ཀྱིས་གདུག་པ་ཅན་དངོས་སུ་ཚར་བཅད་པའི་ཚུལ་ཡང་ཆོས་ཀྱི་རྒྱལ་པོ་འཕགས་པ་ལ། ཧོར་རྒྱལ་པོས་རྡོ་རྗེ་ཐེག་པའི་དབང་ཞུ་བའི་ཆོས་ཡོན་དུ་ཆོལ་ཁ་གསུམ་དུ་གྲགས་པའི་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ། མདོ་སྟོད་ཀོ་ལེ་མི་ཡི་ཆོལ་ཁ། མདོ་སྨད་གྱི་ལིང་རྟ་ཡི་ཆོལ་ཁ་སྟེ་དེ་གསུམ་དང་། དེའི་ནང་ཚན་ཁྲི་སྐོར་བཅུ་གསུམ་ཞེས་པ། གཙང་ལ་ལྷ་ཤང་ལྷོ་བྱང་ཆུ་ཞལ་དྲུག །དབུས་ན་གཡའ་ཕག་ཐང་མཚལ་རྒྱ་ཁྲི་དྲུག །གཙང་དབུས་མཚམས་སུ་ཡ་འབྲོག་ཁྲི་སྐོར་རོ། །ཞེས་པ་ལྟར་གྱི། དེ་རྣམས་ཕུལ་བ་ནས་བཟུང་ས་སྐྱ་པས་འཇིག་རྟེན་གྱི་བདག་པོ་མཛད་ནས་འགྲོ་བ་ཆོས་བཞིན་དུ་བསྐྱངས་པ་མི་ལོ་བདུན་ཅུ་རྩ་