R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༨བ
[A:༡༢༨བ]མགོན་པོ་ལོགས་ན་ག་ལ་ཡོད། སྔགས་འཆང་བླ་མ་འདི་ཀ་མགོན་པོ་དངོས་ཡིན་སྙམ་པའི་ཐུགས་དད་དང་ངེས་ཤེས་ཅི་ཡང་འཁྲུངས་པར་གྱུར་ཅིང་། ཡང་དགུང་ལོ་ཉེར་གསུམ་བཞེས་སྐབས་བསེ་མགོན་མཇལ་བར་ཕེབས་དུས་འཆམ་སྐུའི་ཞལ་འབག་ལ་གསེར་གྱི་ཐིག་ལེ་འོད་ཟེར་མང་པོ་འཕྲོ་བ་ཅན་མངོན་སུམ་དུ་གཟིགས་ཤིང་ཐུགས་ལ་བདེ་ཉམས་ཆེན་པོ་འཁྲུངས་པ་དང་། འདི་ལ་གསེར་འབག་ཟེར་བ་དག་རྒྱུ་ཡིན་པ་འདྲ་སྙམ་དུ་དགོངས་ཤིང་། གཟིགས་སྣང་འདི་ནི་རྒྱས་པའི་ལས་འགྲུབ་པའི་མཚན་མ་ཡང་དག་པར་མངོན་ཞིང་། ལན་གཅིག་བསེ་མགོན་གྱི་ཞལ་དཀྱིལ་དཀར་ཞིང་སྣུམ་པ་བདུད་རྩི་འཛག་ལ་ཁད་པའི་ཟིལ་པ་ཁྲོམ་ཁྲོམ་བྱེད་པར་མངོན་སུམ་དུ་གཟིགས་པ་ནི་ཞི་བའི་ལས་རྣམས་འགྲུབ་པའི་ལྟས་ཡིན་གསུངས་ཤིང་། རྒྱུན་པར་བསེ་མགོན་གྱི་སྐུ་མདོག་དམར་སྨུག་ལ། རེས་འགའ་ནག་ཤས་ཆེ་ཤིང་། སྐབས་འགར་དམར་ཤས་ཆེ་བར་རྒྱུན་ཆགས་