R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༦ན
[A:༡༢༦ན]འགའ་ཞིག་གི་གསུང་ལས། སྒོ་རུམ་ཞེས་པ་ཞང་ཞུང་གི་སྐད་ཡིན་ཞིང་། དེའི་དོན་བསྒུལ་དུ་མི་རུང་བ་ཡིན་པས། འཆམ་སྐུ་འདི་གཞན་དུ་བསྒུལ་དུ་མི་བཏུབ་པའི་དོན་གྱིས་དེ་སྐད་དུ་གྲགས་པ་ཡིན་པར་བཞེད་ཅིང་། ཡང་བླ་མ་ལ་ལ་དག་སྒོ་རུམ་ཞེས་པའི་ཞང་ཞུང་གི་སྐད་དེ། དགྲ་བགེགས་ཀུན་འཇོམས་ཞེས་པར་འགྱུར་བས་དེས་ན་དགྲ་བགེགས་ཀུན་འཇོམས་ཀྱི་གཟིམ་སྤྱིལ་ཞེས་བྱ་བ་ཡིན་ནོ། །ཞེས་ཀྱང་བཤད་ལ། ཡང་དཔལ་ལྡན་ས་སྐྱ་པ་ལ་སྔགས་པ་སྙན་ངག་དབང་པོའི་ཉེར་འཚོ་ལས། དཔལ་ལྡན་མགོན་པོའི་ཕོ་བྲང་རིམ་དགུ་རིམ་པར་ཕུབ་པའི་རྩེ་མོ་ན། །ཞེས་གསུངས་པ་དང་ངོར་ཆེན་རྡོ་རྗེ་འཆང་གི་རྣམ་ཐར་པཎ་ཆེན་གྲགས་པ་རྒྱལ་མཚན་གྱིས་མཛད་པ་ལས་ཀྱང་། དགུ་རིམ་ན་ཆོས་རྗེ་ས་པཎ་གྱི་དཔེ་ཁང་། ཞེས་འབྱུང་བ་ལྟར་ན་སྔོན་གྱི་དུས་སུ་གཟིམ་ཁང་འདི་ལ་ཐོག་རིམ་པ་དགུ་བརྩེགས་སུ་ཡོད་པས་དགུ་རིམ་གཟིམ་