R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༢ན
[A:༡༢༢ན]འདི་ཐུགས་ཅུང་ཟད་སྟེང་གིན་ལོགས་ཤིག་ན་བསམ་མནོ་མཛད་ཅིང་བཞུགས་ཙ་ན། ཡང་ཁོང་ཚོ་འཚོགས་ནས་སྔགས་ཐུ་ཡིན་ཡོད་པ་དང་། ལྷགས་པས་ཤོག་བུ་ཁྱེར་བ་བླ་ཆེན་གྱི་གམ་དུ་བྱུང་ནས། དེ་ཁྱེར་ཏེ་འདི་ལ་གདའ་ཞུས་པས། དེ་རྟེན་འབྲེལ་བཟང་ཆོས་ཀྱིས་ཕན་ཐོགས་པ་ཡོང་བ་ཡིན་གསུངས་ནས་བླ་མ་མལ་མཉེས་པའི་ཚུལ་མཛད། དེ་ནས་ཇོ་སྲས་ས་སྐྱར་འབྱོན་ཁར་བླ་མའི་གསུང་གིས་ངའི་ཆོས་འདི་ངེས་པར་འཚང་རྒྱ་བའི་ཆོས་ཡིན་པས། མི་ཉིད་རིགས་ཀྱིས་དབང་བསྐུར་རེ་བྱེད་ཟེར་ནས་རེ་ཚང་ཞིག་ཏུ། ཕུབ་གོག་གཅིག་གི་སྟེང་དུ་པདྨ་འདབ་བརྒྱད་གཅིག་བྱས། བླུ་གུ་གཅིག་གི་སྐྱེ་ལ་བལ་གཅིག་དཀྲིས་བྱེད་པའི་ཉེན་ཡོད་དོ། །དེ་འདྲ་མ་བྱེད་གསུངས་པས། བླ་མའི་ཆོས་ལ་དེ་འདྲ་ཅི་བྱེད་ལགས་ཞུས་ནས། དེ་ནས་མར་བྱོན་ཏེ་གཡས་རུ་ན་མར་དབང་བསྐུར་སེམས་བསྐྱེད་འདྲ་མཛད་པས་གསེར་སྲང་བཅུ་བདུན་འབུལ་