R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༩ན
[A:༡༡༩ན]བའི་མན་ངག ལས་སྦྱོར་ཙིཏྟ་སྙིང་ལ་བརྟེན་ནས་དགྲ་བོ་ཁ་ཕུབ་ཏུ་བསད་པའི་མན་ངག་སྟེ་གསུམ་ཡོད། འདི་རྣམས་སྟོན་བྱེད་ཀྱི་ཡི་གེ་བྲམ་ཟེ་ཆེན་པོའི་རྒྱ་གཞུང་ཆུང་བ་བསྙེན་སྒྲུབ་ལས་གསུམ་གྱི་ཡི་གེ་དེའི་ལག་ལེན་ཞལ་གདམས་ལས་སྦྱོར་གྱི་གདམས་པ། ལོ་རྒྱུས་ཀྱི་ཡིག་ཆུང་རྣམས་ཡོད་དོ། །འདི་རྣམས་ཀྱི་ལུང་མན་ངག་དང་བཅས་པ་ཁ་ཆེ་པཎྜི་ཏ་ཉིད་ཀྱི་དྲུང་དུ་ཆོས་རྗེ་ས་པཎ་གྱིས་གསེར་ཞོ་བརྒྱད་དང་། གཡུ་ཞོ་བརྒྱ་རི་བ་གཅིག་ཕུལ་ནས། མཧཱ་པཎྜི་ཏའི་སྲུང་མ་རྣམས་ཀྱི་ནང་ནས་ཐུགས་རྩིས་མཛད་པའི་ཆོས་སྐྱོང་གི་གསང་སྒྲུབ་ཅིག་ཡོད་འདུག་པ་བདག་ལ་ཅིས་ཀྱང་ཐུགས་རྗེས་འཛིན་པར་ཞུ་ཞུས་པས། འདི་ལྟ་བུ་ངས་སྔར་རྒྱ་བོད་དུ་སློབ་མ་སུ་ལའང་སྟེར་མ་ཕོད་པ་ཡིན། ད་ཁྱེད་ས་སྐྱ་པ་ཆོས་སྐྱོང་འདིའི་བདག་པོར་འདུག་པས་དེ་ལྟར་བྱེད། རྗེས་གནང་ནི་བྲམ་ཟེ་ཆེན་པོ་ནས་བརྒྱུད་པ་སྔར་ཐོབ་པ་དེས་ཆོག མན་ངག་སྟོན་